དྲན་པ་མང་པའི་སྙན་ངག༼སྙན་ཚོམ༽

           སེམས་ཁྲལ།
རླངས་འཁོར་གྱི་སྒེའུ་ཁུང་ལས་འཕངས་བའི་ཕྱིར་མིག་དེས
ཆང་དཀར་ཕོར་བ་གང་རྔམ་འཐུང་བྱས་པ་ལྟར
བྲང་ཁོག་ཡང་བོ་ཚ་བེར་བེར་དུ་བཏང་སོང
 
ཁྱེད་འགྲོ་ཁར་མིག་ཆུ་མང་ཡང
ཁྱེད་འགྲོ་ཁར་སེམས་སྡུག་ཡོད་ཀྱང
 
          ཁྲུང་ཁྲུང་འཕུར་ཁར།
སྟོན་རླུང་གིས་དེད་པའི་སྡོང་ལོ་དེ་དག
སྙན་ངག་པའི་དྲན་ཤིང་ལྟར་ས་ལ་ཟགས་ཤིང
བུ་མོའི་མིག་ཟུང་ཁུར་བའི་ཁྲུང་ཁྲུང་གི་གཤོག་བར་ནས
བདག་གི་དུས་ཚིགས་དང་སེམས་པ་བཏེགས་ཡོད
 
ཡིད་སེམས་རྨང་ན་སྒུལ་བའི་གྱེས་བྲལ་དེ་ནི
དྲན་པའི་གཉའ་ཤིང་འཁུར་བྱེད་ཅིག་རེད
སྐྱོ་བའི་མགོ་བོ་དུད་བྱེད་ཅིག་རེད
   
ངས་སྙན་ངག་འབྲི་དུས།
བུ་མོ་ཆུང་ཆུང་དེ་སྙན་ངག་ཅིག་ཡིན་ནམ
ཁྲ་ཆིལ་མིག་ཟུང་དེ་ཐ་སྙད་ཅིག་ཡིན་ནམ
རླུང་ཁར་གཟན་པའི་རྒྱ་ལྕང་སྐྲ་ལོ་དེ་ཡང
མི་སེམས་རྒུམ་བྱེད་ཀྱི་མཆུ་ཏོ་ཞིག་རེད
 
དཀར་གསལ་ཟླ་བ་དེ་ཁོ་མོ་དེ་ཡིན་ནམ
འདབ་དྲུག་པད་མ་དེ་ཁོ་མོ་ཡིན་ནམ
ཁོ་མི་དེ་ངའི་སྙན་ངག་ཡིན་ནམ
 
           ཚོད་ཚད་ལ་ཁྱེད་རང་དྲན་པ།
སྦྲང་ཆུང་ལྟ་བུའི་རྨི་ལམ་དེ་དག་རྨི་རོགས
རྟག་ཏུ་སྙན་ངག་བརླན་བྱེད་ཀྱི་ཚོར་འདུ་ཕྲ་མོ
མེ་ཏོག་ལྟ་བུའི་སྙིང་གཏམ་དེ་དག་འཐུ་རོགས
ཡིན་ཡང་ཡིད་སེམས་སྤྲིད་བྱེད་ཀྱི་ལོ་ཆང་ཁམ་པ
ཚོད་ཚོད་ལ་ཁྱེད་རང་དྲན་བྱུང་བས
ངའི་ཚོད་ཚོད་ལ་མིག་ཆུ་འཐོར་དགོས་བྱུང
 
           སྟོང་ལོ་བཅུ་གཉིས་ལ།
ས་འགུལ་ཏེ་རི་ཉུལ་བའི
ཆུ་བྲུགས་ཏེ་ཡུལ་ཕྱགས་པའི
མེ་འབར་ཏེ་ནགས་འཚིག་པའི
ཉི་མ་དམར་པོ་ཡང་ས་ལ་ལྷུང་བའི་ཨ་རུའི་གློག་བྲཉན་འཇིགས་པོ་དེ
ཧ་ཅང་སྔངས་འཚུབ་སྐྱེ་བྱེད་ཀྱི་དོན་དངོས་ཤིག་ལྟར
སྟོང་ལོ་བཅུ་གཉིས
      མིག་ཟུང་འཁྲུལ་བྱེད་ཀྱི
      རྣ་བ་གཟེར་བྱེད་ཀྱི
      སེམས་པ་ན་བྱེད་ཀྱི
     ་ ་ ་ ་ ་ ་  
2012.3.5

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པ་མང་པའི་སྙན་ངག༼སྙན་ཚོམ༽

2012-04-08 ཁྲག་སྙུག ཀློག་གྲངས། མཆན ཡོད།

           སེམས་ཁྲལ།
རླངས་འཁོར་གྱི་སྒེའུ་ཁུང་ལས་འཕངས་བའི་ཕྱིར་མིག་དེས
ཆང་དཀར་ཕོར་བ་གང་རྔམ་འཐུང་བྱས་པ་ལྟར
བྲང་ཁོག་ཡང་བོ་ཚ་བེར་བེར་དུ་བཏང་སོང
 
ཁྱེད་འགྲོ་ཁར་མིག་ཆུ་མང་ཡང
ཁྱེད་འགྲོ་ཁར་སེམས་སྡུག་ཡོད་ཀྱང
 
          ཁྲུང་ཁྲུང་འཕུར་ཁར།
སྟོན་རླུང་གིས་དེད་པའི་སྡོང་ལོ་དེ་དག
སྙན་ངག་པའི་དྲན་ཤིང་ལྟར་ས་ལ་ཟགས་ཤིང
བུ་མོའི་མིག་ཟུང་ཁུར་བའི་ཁྲུང་ཁྲུང་གི་གཤོག་བར་ནས
བདག་གི་དུས་ཚིགས་དང་སེམས་པ་བཏེགས་ཡོད
 
ཡིད་སེམས་རྨང་ན་སྒུལ་བའི་གྱེས་བྲལ་དེ་ནི
དྲན་པའི་གཉའ་ཤིང་འཁུར་བྱེད་ཅིག་རེད
སྐྱོ་བའི་མགོ་བོ་དུད་བྱེད་ཅིག་རེད
   
ངས་སྙན་ངག་འབྲི་དུས།
བུ་མོ་ཆུང་ཆུང་དེ་སྙན་ངག་ཅིག་ཡིན་ནམ
ཁྲ་ཆིལ་མིག་ཟུང་དེ་ཐ་སྙད་ཅིག་ཡིན་ནམ
རླུང་ཁར་གཟན་པའི་རྒྱ་ལྕང་སྐྲ་ལོ་དེ་ཡང
མི་སེམས་རྒུམ་བྱེད་ཀྱི་མཆུ་ཏོ་ཞིག་རེད
 
དཀར་གསལ་ཟླ་བ་དེ་ཁོ་མོ་དེ་ཡིན་ནམ
འདབ་དྲུག་པད་མ་དེ་ཁོ་མོ་ཡིན་ནམ
ཁོ་མི་དེ་ངའི་སྙན་ངག་ཡིན་ནམ
 
           ཚོད་ཚད་ལ་ཁྱེད་རང་དྲན་པ།
སྦྲང་ཆུང་ལྟ་བུའི་རྨི་ལམ་དེ་དག་རྨི་རོགས
རྟག་ཏུ་སྙན་ངག་བརླན་བྱེད་ཀྱི་ཚོར་འདུ་ཕྲ་མོ
མེ་ཏོག་ལྟ་བུའི་སྙིང་གཏམ་དེ་དག་འཐུ་རོགས
ཡིན་ཡང་ཡིད་སེམས་སྤྲིད་བྱེད་ཀྱི་ལོ་ཆང་ཁམ་པ
ཚོད་ཚོད་ལ་ཁྱེད་རང་དྲན་བྱུང་བས
ངའི་ཚོད་ཚོད་ལ་མིག་ཆུ་འཐོར་དགོས་བྱུང
 
           སྟོང་ལོ་བཅུ་གཉིས་ལ།
ས་འགུལ་ཏེ་རི་ཉུལ་བའི
ཆུ་བྲུགས་ཏེ་ཡུལ་ཕྱགས་པའི
མེ་འབར་ཏེ་ནགས་འཚིག་པའི
ཉི་མ་དམར་པོ་ཡང་ས་ལ་ལྷུང་བའི་ཨ་རུའི་གློག་བྲཉན་འཇིགས་པོ་དེ
ཧ་ཅང་སྔངས་འཚུབ་སྐྱེ་བྱེད་ཀྱི་དོན་དངོས་ཤིག་ལྟར
སྟོང་ལོ་བཅུ་གཉིས
      མིག་ཟུང་འཁྲུལ་བྱེད་ཀྱི
      རྣ་བ་གཟེར་བྱེད་ཀྱི
      སེམས་པ་ན་བྱེད་ཀྱི
     ་ ་ ་ ་ ་ ་  
2012.3.5

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།