མཛེས་མ་ལགས། ཁྱོད་ཀྱི་མིང་ལ་ཅི་ཟེར།

སྤྱང་ལྟོགས་ཁྲིད་རྒོད།༼རྨ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-04


ཞོགས་པ་དེར་སྐྱ་རེངས་དང་ཉི་ཟེར་གྱི་བར་མཚམས་ན
ཝུ་ཆང་ཞིག་དང་སྙིང་གཏམ་བརྗོད་དུས
གསུང་ཆུ་ཞིག་ལ་དབང་མེད་དུ་སྣུམ་དགོས་སོང
 
ཆང་གི་ཆང་དྲི་དེ་ཡང་བག་འཁུམ་པ་བཞིན་ཁ་རོག་གེར
འཕར་ལྡིང་ཚུར་ལྡིང་བྱེད་བཞིན་པའི་སྙིང་ཆུང་དེ་ཡང་དལ་འཇགས་གེར
 
སྐྱུང་ཀའི་སྒྲོ་མདངས་ལ་འགྲན་པའི་སྐྲ་ལོ
སྨྱུག་མ་ཚིགས་དྲུག་ལ་སྦོབས་ཕོད་པའི་སྐྱེས་གཟུགས
 
ཁོ་མོས་ང་ལ་ཕུར་ཚུགས་དུ་བལྟ་ཞོར་སྒོ་ཆེན་དུ་འཛུལ་བྱུང
ཤུལ་དུ་ལུས་བའི་ང་ཆང་གི་ངུ་སྐད་དང་མཉམ་དུ་སད་ཀྱང
ཁོ་མོ་སྔ་མོ་ནས་མི་འདུག་པས་རང་ཉིད་མཚམས་སྦྱོར་བྱེད་ཁོམ་ཞིག་ཀྱང་མ་བྱུང
མཛེས་མ་ལགས     ཁྱོད་ཀྱི་མིང་ལ་ཅི་ཟེར
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛེས་མ་ལགས། ཁྱོད་ཀྱི་མིང་ལ་ཅི་ཟེར།

2012-04-04 སྤྱང་ལྟོགས་ཁྲིད་རྒོད།༼རྨ་ལྷོ༽ ཀློག་གྲངས། མཆན ཡོད།


ཞོགས་པ་དེར་སྐྱ་རེངས་དང་ཉི་ཟེར་གྱི་བར་མཚམས་ན
ཝུ་ཆང་ཞིག་དང་སྙིང་གཏམ་བརྗོད་དུས
གསུང་ཆུ་ཞིག་ལ་དབང་མེད་དུ་སྣུམ་དགོས་སོང
 
ཆང་གི་ཆང་དྲི་དེ་ཡང་བག་འཁུམ་པ་བཞིན་ཁ་རོག་གེར
འཕར་ལྡིང་ཚུར་ལྡིང་བྱེད་བཞིན་པའི་སྙིང་ཆུང་དེ་ཡང་དལ་འཇགས་གེར
 
སྐྱུང་ཀའི་སྒྲོ་མདངས་ལ་འགྲན་པའི་སྐྲ་ལོ
སྨྱུག་མ་ཚིགས་དྲུག་ལ་སྦོབས་ཕོད་པའི་སྐྱེས་གཟུགས
 
ཁོ་མོས་ང་ལ་ཕུར་ཚུགས་དུ་བལྟ་ཞོར་སྒོ་ཆེན་དུ་འཛུལ་བྱུང
ཤུལ་དུ་ལུས་བའི་ང་ཆང་གི་ངུ་སྐད་དང་མཉམ་དུ་སད་ཀྱང
ཁོ་མོ་སྔ་མོ་ནས་མི་འདུག་པས་རང་ཉིད་མཚམས་སྦྱོར་བྱེད་ཁོམ་ཞིག་ཀྱང་མ་བྱུང
མཛེས་མ་ལགས     ཁྱོད་ཀྱི་མིང་ལ་ཅི་ཟེར
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།