གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སྒྲུང་ལ་དགའ་བའི་ང་ཚོ།

2012-04-04 16:55:00 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།


ཉི་ཟླ་རབ་རིབ་ཏུ་བཞུད།
ལོ་ཟླ་འཁྱུག་འཁྱུག་ཏུ་འགྲོད།
ཐམས་བཅད་ཧྲིག་ཧྲིག་ཏུ་འགྱུར་འགྲོ་བའི་བར་སྐབས་ན།
ད་དུང་ཡང་བག་ཕེབ་ཏུ་འཚོ་བའི་ང་ཚོ།
འདོད་མའི་རྩམ་རྐྱལ་ནག་པོ་དེ་སྙས་སུ་བྱས།
ཕ་མེས་ཀྱི་ཤིང་ཕོར་སྨུག་པོ་དེ་མདུན་དུ་བཞག།
རྫོགས་རྒྱུ་མེད་པའི་ཆང་རག་གི་སྐྱུར་དྲིའི་ཀློང་དུ།
ཚར་རྒྱུ་མེད་པའི་ཤོ་སྦག་གི་ཧྲག་སྒྲའི་ཁྲོད་ན།
སྤྲ་དང་སྤྲེའུ་ཡི་རུས་རྒྱུད་ཀྱི་སྒོ་ཁ་ནས།
ཁ་ཕྱོགས་མེད་པའི་གནས་མཚམས་ཤིག་ན་འགྲོད།
རུལ་དྲི་འཐུལ་བའི་ང་ཚོའི་རྐང་པས།
ཆེས་མཛེས་པའི་རྨི་ལམ་གྱི་རྗེས་མ་སྙེག་ལ།
སེར་ཀ་གས་པའི་ང་ཚོའི་མིག་འབྲས་ཀྱི།
ལྷིང་འཇགས་མེད་པའི་ཁོར་ཡུག་དེ་མ་རེག།
བཙའ་རྒྱབ་པའི་གནའ་བོའི་སྒྱོག་མདེལ་གོག་པོས།
ང་ཚོའི་རྨི་ལམ་གྱི་སྐེད་པ་བཅད་ཅིང་།
ཐ་ན་ཅོང་རོང་བོང་བུའི་རྟུག་དྲི་མངར་མོ་ཞིག་གིས།
ང་ཚོར་བཟོད་དཀའ་བའི་འཇིག་ཉེན་བཟོ་སྐབས་།
ལྷ་སྒྲུང་ལ་དགའ་བའི་ང་ཚོས།
ད་དཟོད་   ཅི་ཞིག་བྱ་དགོས་སམ།
ཅི་ཞིག་བྱ་དགོས་སམ།
                    ༢༠༡༢ ༣ ༢༩  བྱང་ཤར་དགེ་འོས་སློབ་ཆེན་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།