གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ངལ་ལྷག་མ།

2012-04-03 17:06:00 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།


ཁོ་མོ་བུད་སོང༌།      གྲུ་ནང་དུ་བསྡད་ནས་ཁ་རོག་གེར་བུད་སོང༌།
ཡར་སྔོན་ཡར་སྔོན་ནས་བུད་སོང༌།
དུས་དེ་ནས་བཟུང༌།       ཁོ་མོར་དྲན་ཚུལ་བརྗེད་ཐབས་མ་བྱུང༌།
 
ས་ཆེན་ལ་ཉིན་མཚན་མེད་པར་ཁ་བ་ཞེ་སྡང་གིས་འབབ།
འཚོ་ཐབས་མི་རྙེད་པའི་གང་ཟག་གང་མང་ཞིག་ལ།
རེ་བཞག་དང་དམིགས་འདུན་མ་རྙེད་པར།
སེམས་ཀྱི་བྲག་རོང་ན་འཁུན་སྒྲ་འཇགས་ཐབས་མི་འདུག
 
ཁོ་མོ་བུད་སོང་བ་ནས།    གནས་མལ་དྲོན་པོ་ཞིག་མ་རྙེད།
ད་དུང༌།   ནམ་རྒྱུན་དུ་བྲག་ཁུང་ནས་མེ་སྟག་ཆུང་ཆུང་ཞིག
སྙིང་དབུས་སུ་སྒོམ་ནས་ད་བར་དུ་ལུས་སོང༌།
འོན་ཀྱང༌།   ད་དུང་ཡང་མུ་མཐུད་དུ་སྤྲོ་བ་སྐྱིད་པོ་དག་མྱོང་དགོས།
 
སུ་དང་གང་གིས་མི་མཐོང་ས་ཞིག་ནས།
མཐོང་རུང་དོ་སྣང་མི་བྱ་ས་ཞིག་ནས།
འབར་ཞུན་འཚོང་བའི་བུ་མོ་ཆུང་ཆུང་དེ་ཇི་བཞིན།
ལྕགས་ཐབ་དང་བྱ་ཤ་སྲེག་མ་དག་ཡང་ཡང་དྲན་གི་འདུག
 
ཁོ་མོ་སོང་ཤུལ་ནས།   འབར་ཞུན་རྐང་གཅིག་ཀྱང་ཉོ་མཁན་མ་བྱུང༌།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།