གྱང་།


འཇིག་རྟེན་ན་ནག་རིལ་རིལ་གྱིས་ལངས་པའི་ས་འབོག
དཀོན་མཆོག་གི་མི་ཚོགས་ལ་བརྟག་པའི་འཕྲུལ་ཆས།
སྡར་མ་ཚོའི་མཐོང་ལམ་སྒྲིབ་པའི་མུན་པ་ཡུག་ཅིག
ཨ་ཕའི་གཏམ་རྒྱུད་དང་ཨ་མའི་ལྷ་སྒྲུང་ངོགས་ན།
རང་བྱུང་གི་ལོ་ཟླས་གནོད་མ་ཐུབ་པའི་རང་གཤིས་གྱང་ལ་ལྡན།
ཉམ་ཆུང་གི་སེམས་པས་མཆོངས་མི་ཐུབ་པའི་རྣམ་ཤེས་གྱང་ལ་མངའ།
གྱང་ལ་དེ་དང་འདི་འདྲ་བའི་ངོ་མཚར་གྱི་ཕྱུག་པས།
དམག་རྟས་གྱང་ལས་མཆོངས་ན་རྒྱལ་ཁ་དང་ཉེ།
སྒྱོགས་མདེལ་གྱང་ལས་འགྲོལ་ན་བདག་དབང་རེ།
མི་ཡིས་གྱང་ལས་བརྒལ་ན་ཡར་ཐོན་དང་ཕྱོགས།
ཟོག་གི་གྱང་ལས་འབྲལ་ན་རང་དབང་དང་ཉེ།
དོན་དམ་ན།
གྱང་ནི་རྟོག་དཀའ་བའི་གསང་བ་རྡོག་རྡོག་ཅིག་རེད།
གྱང་ནི་མི་ཡུལ་གྱི་སྦྱང་སླ་བའི་གཏན་ཚིགས་ཤིག་རེད།
གྱང་ལ་གོམས་ན་རེ་བ་དང་ཡར་རྒྱས་རེད།
གྱང་ལ་གོམ་ནས་ཡོད་ཚད་ཀྱི་ཡོད་ཚད་རེད།
མཁར་གྲོང་གི་རྒས་པ་དང་མཚུངས་པའི་གྱང་ལེབ་དེ།
ས་རྡུལ་འབུམ་ཕྲག་བརྩིགས་པའི་བརྩིགས་པ་དེ།
བསམ་ཕོད་པའི་བློ་སྟོབས་ཀྱི་རྒྱལ་སྒོ་རེད།
བྱེད་ཕོད་པའི་སྙིང་སྟོབས་ཀྱི་ཐིག་ཤིང་རེད།
གྱང་གི་ཕ་རོལ་ནི་མཛེས་སྡུག་རྡོག་རྡོག་ཅིག་ཡིན་རྐྱེན།
གྱང་ལས་མཆོངས་རྒྱུ་ནི་ང་ཚོར་མཁོ་བའི་དཔའ་སྟོབས་ཤིག་ཡིན་རྐྱེན།
གྱང་གི་མཐོ་ཚད་ཅི་ནས་ཀྱང་གཞལ་དགོས།
གྱང་མཆོངས་ཀྱི་བློ་སྟོབས་ཅི་ནས་ཀྱང་ཡོད་དགོས།
ཅི་ནས་ཀྱང་ཡོད་དགོས།
 
                           ༢༠༡༢ ༣ ༢༨ བྱང་ཤར་དགེ་འོས་སློབ་ཆེན་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྱང་།

2012-03-30 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།


འཇིག་རྟེན་ན་ནག་རིལ་རིལ་གྱིས་ལངས་པའི་ས་འབོག
དཀོན་མཆོག་གི་མི་ཚོགས་ལ་བརྟག་པའི་འཕྲུལ་ཆས།
སྡར་མ་ཚོའི་མཐོང་ལམ་སྒྲིབ་པའི་མུན་པ་ཡུག་ཅིག
ཨ་ཕའི་གཏམ་རྒྱུད་དང་ཨ་མའི་ལྷ་སྒྲུང་ངོགས་ན།
རང་བྱུང་གི་ལོ་ཟླས་གནོད་མ་ཐུབ་པའི་རང་གཤིས་གྱང་ལ་ལྡན།
ཉམ་ཆུང་གི་སེམས་པས་མཆོངས་མི་ཐུབ་པའི་རྣམ་ཤེས་གྱང་ལ་མངའ།
གྱང་ལ་དེ་དང་འདི་འདྲ་བའི་ངོ་མཚར་གྱི་ཕྱུག་པས།
དམག་རྟས་གྱང་ལས་མཆོངས་ན་རྒྱལ་ཁ་དང་ཉེ།
སྒྱོགས་མདེལ་གྱང་ལས་འགྲོལ་ན་བདག་དབང་རེ།
མི་ཡིས་གྱང་ལས་བརྒལ་ན་ཡར་ཐོན་དང་ཕྱོགས།
ཟོག་གི་གྱང་ལས་འབྲལ་ན་རང་དབང་དང་ཉེ།
དོན་དམ་ན།
གྱང་ནི་རྟོག་དཀའ་བའི་གསང་བ་རྡོག་རྡོག་ཅིག་རེད།
གྱང་ནི་མི་ཡུལ་གྱི་སྦྱང་སླ་བའི་གཏན་ཚིགས་ཤིག་རེད།
གྱང་ལ་གོམས་ན་རེ་བ་དང་ཡར་རྒྱས་རེད།
གྱང་ལ་གོམ་ནས་ཡོད་ཚད་ཀྱི་ཡོད་ཚད་རེད།
མཁར་གྲོང་གི་རྒས་པ་དང་མཚུངས་པའི་གྱང་ལེབ་དེ།
ས་རྡུལ་འབུམ་ཕྲག་བརྩིགས་པའི་བརྩིགས་པ་དེ།
བསམ་ཕོད་པའི་བློ་སྟོབས་ཀྱི་རྒྱལ་སྒོ་རེད།
བྱེད་ཕོད་པའི་སྙིང་སྟོབས་ཀྱི་ཐིག་ཤིང་རེད།
གྱང་གི་ཕ་རོལ་ནི་མཛེས་སྡུག་རྡོག་རྡོག་ཅིག་ཡིན་རྐྱེན།
གྱང་ལས་མཆོངས་རྒྱུ་ནི་ང་ཚོར་མཁོ་བའི་དཔའ་སྟོབས་ཤིག་ཡིན་རྐྱེན།
གྱང་གི་མཐོ་ཚད་ཅི་ནས་ཀྱང་གཞལ་དགོས།
གྱང་མཆོངས་ཀྱི་བློ་སྟོབས་ཅི་ནས་ཀྱང་ཡོད་དགོས།
ཅི་ནས་ཀྱང་ཡོད་དགོས།
 
                           ༢༠༡༢ ༣ ༢༨ བྱང་ཤར་དགེ་འོས་སློབ་ཆེན་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།