རྒྱུ་འབྲས།


འཇིག་རྟེན་གྱི་དཀར་ནག་མཐོང་བ་ནས་བཟུང་།
ངས་ཁྱེད་རང་བཙལ་བ་ཐེངས་གཅིག་མིན།
ཆུང་སོ་དམར་ནས་དར་སོ་དཀར་བར།
 
ཁྱེད་ནི་ཁུ་ཚུར་རེད།     རྣམ་རིག་རེད།
ཚོགས་ཁག་རེད།   ལས་འབྲས་རེད།
 
རྒྱུན་ལྡན་མིན་པའི་རྒྱལ་ཁའི་ཁྲོད་ནས་ངས་ཁྱེད་རང་སྐྲག་སྣང་གིས་བཙལ་ཀྱང་མ་རྙེད།
རྒྱུ་འབྲས་མིན་པའི་ཕན་ཁའི་ཁྲོད་ནས་ངས་ཁྱེད་རང་ཉམ་ཐག་གིས་བཙལ་ཀྱང་མ་རྙེད།
 
དོན་ངོ་མས་ཁྱེད་ནི་སུ།   ཁྱེད་རང་གང་ན་ཡོད།
ཁ་སང་བྱུང་བའི་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་དེ་ཁྱེད་རང་ཡིན་ནམ།
དེ་རིང་འབྱུང་བའི་ཕུ་ནུ་ལྷན་འཛོམས་ཀྱི་གླུ་སྒྲ་དེ་ཁྱེད་རང་ཡིན་ནམ།
 
བཙལ་བཙལ་མཐར་།  ངའི་སྒྲ་བརྗོད་ཀྱི་སྙན་ངག་དེ་ཚར།
ངའི་བསམ་གཞིག་གི་གཏན་ཚིགས་དེ་བོར།
 
ཚོར་ཤེས་གཞན་ཞིག་འབྱུང་བ་ནི།    ཁྱེད་ནི་ཡོད་ཚད་རེད།
ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས།
ཁྱེད་ནི་ཅི་ཡང་མ་རེད། ལྷད་མ་འདྲེས་པའི་དཀར་བོང་བོང་གི་སེམས་པ་དེ་རེད།
                                         ༢༠༡༢ལོའི་ཟླ་༡བའི་ཚེས་༡༨ཉིན་ཁྲག་ཀླུང་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱུ་འབྲས།

2012-03-22 མཚོ་ཆུང་ནོར་བུ། ཀློག་གྲངས། མཆན ཡོད།


འཇིག་རྟེན་གྱི་དཀར་ནག་མཐོང་བ་ནས་བཟུང་།
ངས་ཁྱེད་རང་བཙལ་བ་ཐེངས་གཅིག་མིན།
ཆུང་སོ་དམར་ནས་དར་སོ་དཀར་བར།
 
ཁྱེད་ནི་ཁུ་ཚུར་རེད།     རྣམ་རིག་རེད།
ཚོགས་ཁག་རེད།   ལས་འབྲས་རེད།
 
རྒྱུན་ལྡན་མིན་པའི་རྒྱལ་ཁའི་ཁྲོད་ནས་ངས་ཁྱེད་རང་སྐྲག་སྣང་གིས་བཙལ་ཀྱང་མ་རྙེད།
རྒྱུ་འབྲས་མིན་པའི་ཕན་ཁའི་ཁྲོད་ནས་ངས་ཁྱེད་རང་ཉམ་ཐག་གིས་བཙལ་ཀྱང་མ་རྙེད།
 
དོན་ངོ་མས་ཁྱེད་ནི་སུ།   ཁྱེད་རང་གང་ན་ཡོད།
ཁ་སང་བྱུང་བའི་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་དེ་ཁྱེད་རང་ཡིན་ནམ།
དེ་རིང་འབྱུང་བའི་ཕུ་ནུ་ལྷན་འཛོམས་ཀྱི་གླུ་སྒྲ་དེ་ཁྱེད་རང་ཡིན་ནམ།
 
བཙལ་བཙལ་མཐར་།  ངའི་སྒྲ་བརྗོད་ཀྱི་སྙན་ངག་དེ་ཚར།
ངའི་བསམ་གཞིག་གི་གཏན་ཚིགས་དེ་བོར།
 
ཚོར་ཤེས་གཞན་ཞིག་འབྱུང་བ་ནི།    ཁྱེད་ནི་ཡོད་ཚད་རེད།
ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས།
ཁྱེད་ནི་ཅི་ཡང་མ་རེད། ལྷད་མ་འདྲེས་པའི་དཀར་བོང་བོང་གི་སེམས་པ་དེ་རེད།
                                         ༢༠༡༢ལོའི་ཟླ་༡བའི་ཚེས་༡༨ཉིན་ཁྲག་ཀླུང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།