ཁ་བའི་འཇིག་རྟེན།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-22

           ༡  རི་ཁའི་དར་ལྕོག
                     ——ཡང་ན་ཕ་ཡུལ་བྱང་ཆུབ་ལ་བཏབ་པའི་ཀི་རིང་།
ནངས་ཇ་རོལ་བར་རྩོམ་དུས
ལྷས་དཀྱིལ་དུ   ལྕགས་ཁེམ་དང་གྱང་སྟེའུ་ཡིས་ཨག་འབོད་བྱེད

གུང་ཚིགས་ཐོན་ལ་ཉེ་དུས
རྒྱུད་པའི་ལྷེམ་སྟངས་ལ་མཚམས་འཇོག་མེད་པར
ས་ཡི་མཆོང་ལྡིང་ལ་སྣེ་ལེན་བགྱིས

དགོང་ཇ་རོལ་བར་སླེབས་དུས
མཐའ་བཞིའི་མཁར་གྱང་གི་ལང་ཚོ་རྫོགས་ཕྱིར
དབུགས་ཀྱི་སྦུ་གུ་རུ་དྲོད་རླངས་བཏང

ས་ཡོངས་སུ་རུབ་སོང
བཀྲེས་ལྟོགས་ཀྱི་དམྱལ་ཟངས་སུ་ཤ་ཁྲག་གཏོར་དགོས་ཀྱང
ཐང་ཆད་དྲགས་པས   ཡང་ན་རྒས་དྲགས་པས
སང་ཉིན་གྱི་ཉི་འོད་ཀྱང་མཐོང་དཀའ་བར་གྱུར
2012.03.14ནུབ་བྱང་ཚང་ནས།

           ༢ ལན་ཆགས།

སྔས་མགོ་ནི་སྲ་མཁྲེགས་ཤིག་ཡིན་ཀྱང
ཚོར་བའི་འདུག་སྟེངས་ཤིག་གིས
མལ་ཁྲི་ནས་ཕྱི་ནང་བརྟོལ་བར་སྤོབས

དཀའ་ཚེགས་དང་སྐྱོ་ཡུས
མིག་སྐྱག་བཞིན་གཟེངས་པར་མངོན་ཡང
མཚན་མོའི་ཁེར་རྐྱང་གི་ངུ་ཤུམ་གྱིས
མིག་ཀུང་གི་ཅ་ནེ་གཙང་བཀྲུ་ཡང་ཡང་བྱས

གཞན་ངོར་འབྱར་འདོད་པའི་སྙན་ཞུ་དེས
འདོད་ཐོག་གི་མཚོ་ངོས་སུ་གཡེང་བར་བསྐྱོད་ཀྱང
རྦ་རླབས་ཀྱི་འཇིགས་སྣང་རེ་བྱུང་ན
ཁྱོད་ལ་སེམས་ཁུར་བདོག་པ་ཅི་ཁག
                      2012.03.08ལན་གྲུ་ནས།
   
         ༣ དགའ་བའི་ནུས་སྟོབས

ལྕེ་ངོས་སུ་བབས་པའི་ལུད་པ་ལྷབ་ལྷུབ
ཁྱོས་ང་ལ་བཅངས་པའི་རྟག་བརྟན་གྱི་མུ་ཏིག་ཅིག་ཡིན་ན
ངས་ནམ་ཡང་འཕེན་མི་སྲིད
རྒྱུ་མཚན་ལུད་པ་ནི་ཁྱོད་ཀྱི་སྙིང་དམར་དེའོ

ཤོར་ལ་ཉེ་བའི་སྐྱག་པ་ཆད་པོ་དེ་ནི
ཁྱོས་ང་ལ་བྱིན་པའི་གསེར་གྱི་མཛུབ་དཀྲིས་དེ་ཡིན་ན
ང་སྤྱོད་ཁང་དུ་འགྲོ་མི་སྲིད
ཡང་ན་ངའི་བཤང་སྒོར་ལྕགས་ཟྭ་ཞིག་རྒྱག་ངེས

ཁྱོད་ནི་རྩྭ་ཆུ་གཉིས་འཛོམས་ཀྱི་སའི་གོ་ལ་དེ་ཡིན་ན
རང་མོས་ཀྱིས་རང་འཁོར་རམ
གཞན་བསྟུན་གྱིས་སྤྱི་འཁོར་ཞིག་བྱོས་དང
ཉི་མ་ཡིས་སྔ་དགུང་ཐིག་གི་དབྱེ་མཚམས་ཀྱང་མེད་པར་བྱས་ཆོག
                          2012.03.08ལན་གྲུ་ནས།

               ༤  སེམས་ཀྱི་འཕྱོ་ཤུགས།

ཏིང་འཛིན་གྱིས་དཔེ་གཞུང་ཞིག་ཏུ་ཉུལ་སྐབས
མྱུལ་མ་དང་འདྲ་བའི་རླུང་བུ་འཇམ་པོ་ཞིག་གིས
ཕ་ཡུལ་ན   ཀ་ཁ་ག་ང་སྲང་དུ་མཆོངས་འདུག་ཟེར
དེ་དང་བསྟུན་ནས་ངའི་སེམས་ཀྱང་སྲང་ལ་མཆོངས་དགོས་སོང

རྣམ་དག་གིས་གསུངས་དབྱངས་ཤིག་ལ་རོལ་ཚེ
འཇབ་རྐུན་དང་མཚུངས་པའི་འོད་ཀྱི་ཐིག་ལེ་ཞིག་གིས
ཕ་ཡུལ་ན    དར་ལྕོག་དམར་བོ་སྲང་ལ་མཆོངས་འདུག་ཟེར
དེ་དང་བསྟུན་ནས་ངའི་སེམས་ཀྱང་སྲང་ལ་མཆོངས་དགོས་སོང

རུས་སྦུབས་ནས་འཕྱུར་བའི་འུ་ཐུག་གིས
སྙིང་གསོན་པོ་ལྕགས་གསིར་བྱས་ཏེ
དུ་བ་དང་ཝུ་བ
ཁྲོ་ཆུ་འཁོལ་བ་བཞིན་ཕྱོགས་བཅུར་མཆེད་ན
གནམ་སྔོན་པོའི་མིག་ཀུང་ལས་མིག་ཆུ་ཐེངས་གསུམ་ལྷུང
                                     2012.03.08ལན་གྲུ་ནས།

          ༥  ལམ་གྱི་མིད་ཐག

སྐད་ཆ་གང་མང་ཞིག་དཀྱེལ་ཡངས་ཀྱིས་འཕྱོ་བར་འདོད་ཀྱང
སྐུད་ལམ་གྱི་མིད་ཐག་དོག་དྲག་པས
མངའ་ཐང་རྒྱས་པའི་ཡིག་འབྲི་ཚོན་པོ
བྲང་ཁོག་ཏུ་འབབ་ཐབས་མ་བྱུང

འགྱུར་བ་མང་དག་ཅིག་ཟླུམ་པོའི་ངང་རྟོགས་པར་འདོད་ཀྱང
གཞུང་ལམ་གྱི་ཁ་ཞེང་དོག་དྲག་པས
རུས་རྐང་གཟེར་བའི་རྣ་མཇོག་ལེབ་མོ
ཕ་ཡུལ་དུ་ཐོན་ཐབས་མ་བྱུང

སང་ཉིན་གྱི་ལམ་བུའི་ངོས་སུ
གོམ་རྗེས་གསར་བ་ཞིག་འཇོག་མི་ཐུབ་པར་བསམ་ན
ཞི་བ་ནི་སྲོག་བསྡོས་ལས་ཀྱང་སྟོངས
                         2012.03.17ལན་གྲུ་ནས།

          ༦ སློབ་གྲྭ་ཞིག་གིས་རིམ་གྲོ་བསྒྲུབ་པ།  
 
སྙིང་རྗེ་བའི་སློབ་མ་ཞིག་མཚོ་ངོས་ལས་བཞུད
དྲིན་ཆེ་བའི་དགེ་རྒན་ཞིག་འཕྲུལ་འཁོར་ལས་བཞུད
སློབ་གསོ་ལ་དུངས་ཞེན་ཆེ་བའི་མི་རིགས་སློབ་འབྲིང་གིས
འདས་མ་ད་གསུམ་གྱི་དོན་དུ་རིམ་གྲོ་ཞིག་བསྒྲུབས་ན
རེབ་གོང་མི་རིགས་སློབ་འབྲིང་ཞེས་པའི་སྤྱི་ཚོགས་སློབ་གྲྭ་དེ་ནི
མ་ཎི་ལྷ་ཁང་ཞིག་ཏུ་ལོས་འགྱུར་འདོད་ཀི
                                    2011.01.རེབ་གོང་ནས།

             ༧ རེབ་གོང་གི་ཚོང་ར།

རེབ་གོང་དུ་གོམ་པ་ཞིག་སྤོས་ཏེ
ཁང་བརྩེགས་ཀྱི་གདོང་དང་ལམ་འགྲམ་གྱི་རྣ་བ་སོགས་ལ་བལྟས་ཚེ
ང་ནི་རྒྱང་རིང་གི་མགྲོན་པོ་ཞིག་ཏུ་གྱུར

སེངྒེ་གཤོང་གིས་ཐང་ག་འཚོང་གིན་འདུག
རྒྱལ་བོ་སྒང་གིས་རྒྱལ་བོ་ཡོང་རིལ་འཚོང་གིན་འདུག
ཁེ་སྤོགས་དང་ལྷན་དུ་གཞན་སྐད་ཀྱང་མང་དུ་འབྱོར

གནའ་བོའི་གྲོང་གསེབ་འདི་དག
གྲུབ་ཐོབ་ཀྱིས་མཁའ་རུ་འཕུར་རྩིས་ཡིན་པས
རྐང་འོག་གི་ས་རྡུལ་དེ་ཚོ་ཡང་ཚོང་དུ་སྤུར་ངེས་ཡིན་ཟེར
                                 2011.01.རེབ་གོང་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བའི་འཇིག་རྟེན།

2012-03-22 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།