གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་མིག་གི་སེམས་ལྗོངས།

2012-03-12 09:44:00 ཐོག ཀློག་གྲངས། མཆན ཡོད།

ངས་མུན་པའི་ཀློང་ནས་ཁ་རོག་གེར་ལག་ཟུང་བསྲིངས་དུས།
འཕུར་ཟིན་པའི་ཕྱེ་ལེབ་ཅིག་གི་གཤོག་སྒྲ་འཛིན་ཐུབ་སོང་།
 
དགའ་སྐྱོ་འདྲེས་མའི་ངའི་སེམས་ཁ་ནས།
འགྲོས་མི་སྙོམས་པའི་དབྱངས་ཀྱི་འདེགས་འཇོག་མྱུག་ཅི་ཐུབ་བྱས།
བན་བུན།      ཟ་ཟི།      དངངས་མ་འདར།
ལན་རེར་ཤིན་ཏུ་མཐོ་ཞིང་སྐབས་རེར་ཧ་ཅང་དམའ།
སྐབས་རེར་ཧ་ཅང་དལ་ཞིང་ལན་རེར་ཤིན་ཏུ་མགྱོགས།
 
ཁ་སང་ནི་ཕྱེ་ལེབ་དེ་དང་དེའི་གཤོག་པ་ཡིན་ལ།
ཕྱིར་མིག་ནི་དེའི་གཤོག་པ་ལ་འཇུས་པའི་ལག་པ་སྦྲིད་པོ་ཞིག་གོ
                   སྤྱི་ལོ༢༠༡༢ལོའི་ཟླ༡པོའི་ཚེས༡༦ཉིན་གྱི་ས་སྲོད་དུ་ཟི་ལིང་ནས་ཤར་མར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།