གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུ་ཞབས་ལྷམ་ཀོག་ལ་བཟོས་པའི་ཚེར་མ་འགོག་བྱེད་ཀྱི་འགྱིག་ལྷམ་ཡུ་རིང་།

2012-03-07 16:33:00 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།

མེ་ལོང་མའི་སྒམ་ཆུང་དུ
བསྟོད་ཚོགས་དང་གསོལ་འདེབས་ཀྱིས་ཉིང་མཚམས་སྦྱར་བ་ནས་བཟུང
གངས་རི་དང་སྦྲ་ནག་གི་བརྗོད་བྱའི་རྣམ་ཤེས
ཡར་ཀླུང་གཙང་བོའི་བཞུར་སྒྲའི་ཁྲོད
བཙན་པོའི་བང་སོ་དང་མཉམ་དུ
༼ལྷོ་ཁ་འཕྱོངས་རྒྱས༽་སུ་དུར་འཇུག་བྱས
 རྒྱ་གར་བ་དཎྜིས་བཟོས་པའི་ལྷམ་ཆུང་དེ
ལོ་ཟླའི་ཟོ་ཆུན་གྱིས་རལ་བོར་བསྒྱུར་བས
ཞབས་ལྷམ་མེད་པའི་མི་རིགས་རྐང་རྗེན་ཞིག
ཁ་བ་དང་བུ་ཡུག་གི་ཁྲོད་དུ    ན་ཟུག་དང་འདྲེས་པའི་རྐང་རྗེས་ཐར་ཐོར་གངས་འདབས་སུ་དཔར
 དཀྱུས་རིང་གི་མིག་ཟུང་མཛེས་པ་རུ་སྒོམ་པའི་ལུགས་སྲོལ་འཁྱར་བོ་དེ་ཡིས
མི་རིགས་ཤིག་གི་མཛེས་དཔྱོད་ཀྱི་ལྟ་བ་མཚོན་མ་ཐུབ་ཀྱང
ཨུ་ཚུགས་དང་ཆགས་ཞེན་གྱིས་བཟོས་པའི་ལྷམ་ཆུང་དེ
ད་དུང་འདོར་མ་ཐུབ
 ༼ཧེ་ཐུ་མན་༽གྱི་རྐང་རྗེས་ཐར་ཐོར
ཧི་མ་ལའི་གངས་འདབས་སུ་དཔར་བ་ནས་བཟུང
སྲོལ་རྒྱུན་གྱི་ལྷམ་ཆུང་གྱོན་མཁན་ཚོའི་ཁོར་ཡུག་ཏུ
ཁ་ཆར་དང་བུ་ཡུག་སྔར་བཞིན་འཚུབ
 ལྷམ་ཀོག་གི་ལྷམ་ཆུང་དེ་ཡང
དུས་རབས་ཉེར་གཅིག་པར་རྙིང་རལ་དུ་གྱུར་བས
དུས་མཐུན་གྱི་ཞབས་ལྷམ་གསར་བ་ཞིག་གི་ཆེད་དུ
དཀའ་སྡུག་གི་རྔུལ་ཆུ་གཏོར་རན་འདུག
 
མཆན། ༼ཧེ་ཐུ་མན་༽ཨ་རིའི་དམངས་གཙོ་རིང་ལུགས་ཀྱི་སྙན་ངག་པ་དང་རང་མོས་སྙན་ངག་གི་ཡབ་ཆེན།
             ༼ལྷོ་ཁ་འཕྱོངས་རྒྱས༽ དབུས་ཀྱི་ལྷོ་རྒྱུད་ཡར་ལྷ་ཤམ་པོའི་ཆུའི་ནུབ་ངོས་དང་ཡར་ཀླུངས་གཙང་པོའི་ལྷོ་ངོས་སུ་ཡོད།               

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།