གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་མཇུག་གི་ཟིན་ཐོ།

2012-03-05 11:40:00 མགར་རྩེ་ཨུ་རྒྱན། ཀློག་གྲངས། མཆན ཡོད།


སྟོན་ལྗོངས་དེར
བསིལ་རླུང་གི་ལག་བརྡའི་ཕྱོགས་སུ་རྟ་མཆོག་ཅིག་ཞོན་ནས་བཞུད་སོང
ཕ་ཡུལ་གྱི་རི་ལུང་དུ་ལྷག་པའི་གཉེན་ཉེ་ཚོར་ཕྱིར་མིག་ཙམ་ཡང་མེད་པར
བསམ་གཞིག་གོམ་སྟབས་ལ་འཁྲུལ་བའི་ལྷོ་ལམ་དུ
རྒྱ་མཚོ་དང་རི་རབ་བརྒལ་རྒྱུའི་ཆོད་སེམས་འཁྲུངས་སོང

རླུང་བུ་ཡི་རྩེད་མཚར་ལ་ཡ་ལན་སྤྲོད་པའི་ཤིང་ལོ་དེ་ཚོས
འཁྱག་སིབ་སིབ་ཀྱི་སྐུ་མགྲོན་རྐང་ཐང་ཞིག་རྒྱང་རིང་ནས་བསུས་དུས
རྒྱུ་འབྲས་ཀྱི་ཆོས་ཉིད་ལ་བདེན་དཔང་བྱེད་པའི་མྱུ་གུ་སྔོན་པོ་ཞིག་ཀྱང་མ་འཁྲུངས་བར
སྡོམ་རྒྱའི་ཕངས་སེམས་ལ་ཚུལ་བའི་སྲིན་འབུ་བཞིན
གནས་ལུགས་གཞན་ཞིག་གི་ཆེད་དུ་འཕག་ཚག་བྱས

ཡུན་རིང་དུ་གོམས་པའི་ལུགས་སྲོལ་འགར་སྤྲོ་སེམས་ཡལ་བས
ས་ཁུ་སིའི་རོལ་དབྱངས་དེར་ཉན་མཚམས་བཞག་རྗེས
འཇོལ་མོའི་གསུང་སྐད་སྙན་པའི་ནགས་ཀློང་ཞིག་ཏུ
 རྣམ་ཤེས་ཀྱི་སྟོང་སྣང་གཙང་བོའི་ཟླ་གཟུགས་ལ་བསྐུར

ཡོད་ཚད་མྱ་ངན་གྱི་ཕྱོགས་སུ་བཞུར་བའི་སྡོམ་ཚིག་ཅིག་བཀོད་དུས
རང་ཉིད་ཀྱི་མཛེས་གདོང་ལ་ཆགས་པའི་ཕྱེ་ལེབ་ཅིག་གིས
མི་ཚེ་སྤྲོ་སྣང་ལས་མཇུག་རྫོགས་དགོས་པའི་གསལ་བརྡ་ཞིག་བཏང་ནས
བྲོ་གར་དང་གཤོག་རྡེབ་ཁྲོད་རྒྱང་རིང་དུ་འཕུར་སོང

ཤིང་ལོས་ཡལ་ག་ལ་གྱེས་བརྡ་བཏངས་བའི་དུས་ཚིགས་ཀྱི་གོ་རིམ་ཁྲོད
ཟློ་གར་དང་མི་ཚེ་འཁྲུལ་བའི་རྨོངས་མུན་གྱི་ཞིང་ས་རུ
མདུན་རྒྱབ་ཀྱི་ཁ་ཕྱོགས་ནོར་བར་ཕྱོགས་སྟོན་འཁོར་ལོའི་ལུང་བསྟན་ལ་རེ་སྒུག་བྱས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།