སྦྲ་ནག

རི་བོ་དེ་ཡི་ཕང་བ་ན།
གོར་མ་རྡོ་ལས་ཀྱང་སྲ་བའི་ཞི་འཇགས་ཀྱི་སྦྲ་ནག་ནི།
བོད་ཕྲུག་གྲངས་མེད་ཀྱི་དགོང་གའི་ལོག་མལ་སྟེ།
ཨ་མ་ཡི།  འོ་ཇ་མངར་མོ་ལྷོག་ལྷོག་གདུ་ས་ལགས།
 
སྦྲ་ནག  རྩྭ་ཐང་གི་མཛེས་སྡུག་ནི་ཁྱོད་ཀྱི་འཇོ་སྒེག་ལགས།
ནོར་ལུག་གི་རྦ་རླབས་རི་ཀླུང་དང་ཐང་ཆེན་བརྒྱུད་ནས།
ཁྱོད་ཀྱི་ཚེ་སྲོག་གི་གྲུ་གཟིངས་འོག་ཏུ་བཞུར་ཅིང་མཆེད་ལ།
ཁྱོད་ཀྱི་མཐའ་ཡས་པའི་སེམས་པ­­།
ཆུ་ཕྲན་ཞིག་ཏུ་བརྫུས་ནས་དེ་ཡི་ཀློང་དུ་ལྷུང་ལྷུང་འབབ་ཅིང་སིམ།
 
སྦྲ་ནག དབུ་སྐྲ་དཀར་པོར་གྱུར་བའི་སྤོ་བོ།
ཁྱོད་རི་སྒང་ཞིག་ཏུ་ཙོག་པར་སྡོད་ཅིང་།
བསིལ་རླུང་དང་ཉི་འོད་ཀྱི་མཚོ་མོའི་འཇིངས་སུ།
ཁ་འཚུབ་ཙམ་གྱིས་ནི་ཚིམས་ཤིང་མགུ་སྟེ།
མཚན་ཐུབ་ཀྱི་མཆོད་མེ་རྐོང་བུ་གང་དང་ཇི་འདྲའི་མཚུངས་ཨང་།
 
ཁ་འཚུབ་ནི་ཁྱོད་ཀྱི་འདོད་ཆུང་ཆོག་ཤེས་ཀྱི་སེམས་པ་སྟེ།
འཇིག་རྟེན་ནི་མུ་མེད་མཐའ་དང་བྲལ་ནའང་།
ཁྱོད་ཀྱིས་བུ་ཆུང་གི་ལག་པ་བཟུང་ནས།
བུ་ཆུང་"རྩྭ་ཐང་ནི་ཁྱོད་ཀྱི་འཁོར་བའོ་ཟེར"
 
རི་མཐོན་པོ་སྨུག་པས་བཟུང་ཞིང་།
ཆབ་གཙང་བོ་དར་ཁ་འགྲིག་པའི་ཚེ་ནའང་།
རང་གི་ལག་ཟུང་ལ་བརྟེན་ནས་ཞིམ་མངར་གྱི་འོ་མ་བཞོ་བཞིན་པའི་སྦྲ་ནག་ནི།
རླུང་དང་ཆར་གྱིས་སྦོང་བར་མི་ནུས་པའི།
རྫ་མགོའི་འབྲོང་ཁྱུ་དེ་མ་ཡིན་ནམ།
 
རྩྭ་ཐང་གི་ས་སྲོས་ནི་ཁྱོད་ཁོ་ནར་དབང་སྟེ།
ཁྱོད་ཀྱིས་བསྒྲན་དུ་མེད་པའི། ར་རའི་དྲི་མས་མ་གོས་པའི།
དྭངས་གཙང་གི་རི་མོ་ཞིག་ལ་རོལ་མྱོང་བྱེད་བཞིན།
ཁྱོད་ནི་དུས་བཞིའི་ཁྲོད་ངོ་བོ་འགྱུར་དུ་མེད་པའི།
བདག་གི་སྦྲ་ནག་ལགས།
 
མི་ལ་ལས།
སྦྲ་ནག་ནི་འཇིག་རྟེན་ཞིག་ཡིན་པའི་དབང་དུ་བཏང་ན།
གུ་དོག་གི་ཁ་འཚུབ་ནི་དེ་ཡི་སེམས་ཀྱི་སྒེའུ་ཁུང་ངོ་ཟེར།
རེད་ཡ།  གནས་འདི་ནི།
མགོན་མེད་སྐྱབས་མེད་ཀྱི་མྱ་ངམ་ཐང་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་།
སྦྲ་ནག་ནི་ཁེར་རྐྱང་ངང་མདུན་དུ་ནུར་བཞིན་པའི།
ཚེ་སྲོག་གི་ཀ་བ་ཞིག་ཅི་ལ་མིན།
 
སྦྲ་ནག  རང་བྱུང་ཁམས་ཀྱི་སྦྲ་ནག
ཞོ་དང་འོ་མའི་སྦྲ་ནག
ཚེ་སྲོག་གི་འགུལ་སླེ།
ཀུན་གྱིས་ཁྱོད་ནི་ལོ་རྒྱུས་ཀྱི་འབྱིན་རྔུབ་ཕྲ་མོ་ཞིག་གོ་ཟེར་ནའང་།
སྦྲ་ནག   ང་ཡི་སྦྲ་ནག
ཁྱོད་ཉིད་འབའ་ཞིག་ནི་བདག་གི་འདས་མ་ད་གསུམ་གྱི།
རྒྱུན་མུ་མཐུད་བསྲིངས་མཁན་གྱི་སྲོག་གི་ཀ་བ་དེ་ལགས་ཨང་།
 
                           2009/9/9
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲ་ནག

2012-03-05 ཤ་བོ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།