མིག་ཆུས་སྙན་ངག་འབྲིའམ།

ན་བུན་ནམ་པདྨ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-03


ཅི་ཞིག་འབྲི་རྒྱུ
ཐེངས་མོད་པོ་ཞིག་ལ། བློས་བསླངས་བྱས་མྱོང་བའང་།
འཆི་ལ་ཉེ་བའི་ནད་པ་ཞིག་གིས་སྨྲེ་སྔགས་འབྱིན་པ་དང་མཚུངས།
 
ཁྲག་དམར་གྱི་དཔལ་འབར་མ་མཆེད་པའི་ཡར་སྔོན།
ས་སྒང་རིལ་མོ་འདིའི་སྒལ་གཞུང་དུ།
བདག་གིས། ཅི་ཞིག་སྒྲིག་བཤམས་བྱ།
 
ཁྱེད་རང་གྱེས་ཁ་མས། ཁ་ཆེམས་མ་བཞག་པའི་སྔ་རོལ།
མི་ཚོས། གང་ཞིག་རྟོགས་སོང་བའི་ཚུལ་འདི་སྟོན་ཨང་།
 
རང་གི་སྒོ་དྲུང་གི་རྒྱང་ཚད་ལས་བརྒལ་མི་འདོད་ན།
ཀྱེ། ཁྱེད། གཉིད་དུ་ཡུར་ཆོག་ཆོག་མ་ཡིན་ནམ།
 
ང་ཚོ་ཅི་ཡང་མ་ཡིན་པས།
 མ་རེད། དོན་ངོ་མར། ང་ཚོ་ཅི་ཡང་ཡིན་སྲིད།
གང་ལྟར། འཇིག་རྟེན་གཉིད་ལས་སད་དུས།
ང་ཚོ། གང་ཡང་ཡིན་ཆོག
 
ཡང་ནས་བསྐྱར་དུ།
སྡུག་སྐད་རིགས་གཅིག་གོས་སུ་གྱོན།
ན་ཟུག་སྣ་གཅིག་ཟས་སུ་བགམས།
ལས་དབང་ཨ།  ཁྱེད། ཨ་ཐང་ཆད་པའི་མི་ཁོ་ནས་བརྒལ་ཐུབ་པ་ཞིག་ག་ལ་ཡིན།
 
མིག་ཆུས།
ཁྱོད་ལ་གཅེས་སླད།
མིག་ཆུས། ཁྱོད་ཀྱི་བླ་སྲོག་གི་རྨ་ཁར་སེམས་པ་གླན་ཕྱིར།
མིག་ཆུས། སྐད་ཆ་བཤད་ཤེས་པས།
ང་ཚོ་ཅི་ཡང་མ་ཡིན་རུང་།
གང་དེ་ཡིན་ཆོག
འོན་ཏེ། བདག་གིས། དུངས་ཞེན་འདི་ཅི་བྱ།
          ༡༡/ ༢/ ༡༢ ཉིན་གླེས་ཤག་ཏུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུས་སྙན་ངག་འབྲིའམ།

2012-03-03 ན་བུན་ནམ་པདྨ་རྒྱལ། ཀློག་གྲངས། མཆན ཡོད།


ཅི་ཞིག་འབྲི་རྒྱུ
ཐེངས་མོད་པོ་ཞིག་ལ། བློས་བསླངས་བྱས་མྱོང་བའང་།
འཆི་ལ་ཉེ་བའི་ནད་པ་ཞིག་གིས་སྨྲེ་སྔགས་འབྱིན་པ་དང་མཚུངས།
 
ཁྲག་དམར་གྱི་དཔལ་འབར་མ་མཆེད་པའི་ཡར་སྔོན།
ས་སྒང་རིལ་མོ་འདིའི་སྒལ་གཞུང་དུ།
བདག་གིས། ཅི་ཞིག་སྒྲིག་བཤམས་བྱ།
 
ཁྱེད་རང་གྱེས་ཁ་མས། ཁ་ཆེམས་མ་བཞག་པའི་སྔ་རོལ།
མི་ཚོས། གང་ཞིག་རྟོགས་སོང་བའི་ཚུལ་འདི་སྟོན་ཨང་།
 
རང་གི་སྒོ་དྲུང་གི་རྒྱང་ཚད་ལས་བརྒལ་མི་འདོད་ན།
ཀྱེ། ཁྱེད། གཉིད་དུ་ཡུར་ཆོག་ཆོག་མ་ཡིན་ནམ།
 
ང་ཚོ་ཅི་ཡང་མ་ཡིན་པས།
 མ་རེད། དོན་ངོ་མར། ང་ཚོ་ཅི་ཡང་ཡིན་སྲིད།
གང་ལྟར། འཇིག་རྟེན་གཉིད་ལས་སད་དུས།
ང་ཚོ། གང་ཡང་ཡིན་ཆོག
 
ཡང་ནས་བསྐྱར་དུ།
སྡུག་སྐད་རིགས་གཅིག་གོས་སུ་གྱོན།
ན་ཟུག་སྣ་གཅིག་ཟས་སུ་བགམས།
ལས་དབང་ཨ།  ཁྱེད། ཨ་ཐང་ཆད་པའི་མི་ཁོ་ནས་བརྒལ་ཐུབ་པ་ཞིག་ག་ལ་ཡིན།
 
མིག་ཆུས།
ཁྱོད་ལ་གཅེས་སླད།
མིག་ཆུས། ཁྱོད་ཀྱི་བླ་སྲོག་གི་རྨ་ཁར་སེམས་པ་གླན་ཕྱིར།
མིག་ཆུས། སྐད་ཆ་བཤད་ཤེས་པས།
ང་ཚོ་ཅི་ཡང་མ་ཡིན་རུང་།
གང་དེ་ཡིན་ཆོག
འོན་ཏེ། བདག་གིས། དུངས་ཞེན་འདི་ཅི་བྱ།
          ༡༡/ ༢/ ༡༢ ཉིན་གླེས་ཤག་ཏུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།