དྲན་བྱུང་།


སྦག་གཙོག་གི་ཁ་དབུགས་ཁྲོད་ནས་
རྒྱང་རིང་དུ་ཅེར་བའི་མིག་ཟུང་ལ་རང་དབང་ཅི་ནས་ཡོད་
ཡིན་ཡང་   གཟུགས་འཛིན་གྱི་མདའ་མོ་ཁང་གཤོད་ལ་འཕངས་དུས་
སྐྱེས་སྟོབས་ཀྱི་མྱུ་གུ་འབུས་བཞིན་མཆིས་པའི་རྩ་ཕྲན་གི་ཉག་མ་དག་
རླུང་བུའི་འདེགས་འཇོག་དང་བསྟུན་ནས་ལྷེམ་ལྷེམ་དུ་གཡོ་བཞིན་གདའ་
ཁོ་བོས་   ཁ་ངོ་བཀྲུས་ཟིན་རྗེས་  སྐྱོར་སྦྱང་གི་དཔེ་དེབ་ལག་ཏུ་ཐོགས་ནས་
སྔར་བཞིན་འདི་གར་ཙོག་པུར་བསྡད་            ཧ་ལམ་དུས་ཚོད་སྐར་ཆ་ཇི་མི་འགོར་བར
གློག་དམར་འཁྱུག་ཅིང་འབྲུག་སྒྲ་གནམ་ས་གཡོ་བ་ལྟར་སྣང་
གློ་བུར་   དྲན་པ་ཁྲི་ཁྲག་བརྒལ་བའི་ཕ་རོལ་ནས་
དུང་སེམས་ཀྱི་མིག་ཆུ་འགྲམ་ངོས་ནས་བཞུར་བ་ལ་
དེ་ནི་ཕ་ཡུལ་གྱི་དབྱར་ཟླ་བརྒྱད་པ་་མ་རེད་དམ་                          
                                                                           ༢༠༡༢   ༤  ༢༨
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་བྱུང་།

2012-06-20 རྒྱ་མཚོ། ཀློག་གྲངས། མཆན ཡོད།


སྦག་གཙོག་གི་ཁ་དབུགས་ཁྲོད་ནས་
རྒྱང་རིང་དུ་ཅེར་བའི་མིག་ཟུང་ལ་རང་དབང་ཅི་ནས་ཡོད་
ཡིན་ཡང་   གཟུགས་འཛིན་གྱི་མདའ་མོ་ཁང་གཤོད་ལ་འཕངས་དུས་
སྐྱེས་སྟོབས་ཀྱི་མྱུ་གུ་འབུས་བཞིན་མཆིས་པའི་རྩ་ཕྲན་གི་ཉག་མ་དག་
རླུང་བུའི་འདེགས་འཇོག་དང་བསྟུན་ནས་ལྷེམ་ལྷེམ་དུ་གཡོ་བཞིན་གདའ་
ཁོ་བོས་   ཁ་ངོ་བཀྲུས་ཟིན་རྗེས་  སྐྱོར་སྦྱང་གི་དཔེ་དེབ་ལག་ཏུ་ཐོགས་ནས་
སྔར་བཞིན་འདི་གར་ཙོག་པུར་བསྡད་            ཧ་ལམ་དུས་ཚོད་སྐར་ཆ་ཇི་མི་འགོར་བར
གློག་དམར་འཁྱུག་ཅིང་འབྲུག་སྒྲ་གནམ་ས་གཡོ་བ་ལྟར་སྣང་
གློ་བུར་   དྲན་པ་ཁྲི་ཁྲག་བརྒལ་བའི་ཕ་རོལ་ནས་
དུང་སེམས་ཀྱི་མིག་ཆུ་འགྲམ་ངོས་ནས་བཞུར་བ་ལ་
དེ་ནི་ཕ་ཡུལ་གྱི་དབྱར་ཟླ་བརྒྱད་པ་་མ་རེད་དམ་                          
                                                                           ༢༠༡༢   ༤  ༢༨
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།