རླུང་ཙིའི་ནང་གི་ནེ་ཙོ།

རང་ལ་ལྷན་སྐྱེས་ཀྱི་ཤོག་ཟུང་ལྡན་ཀྱང་། །
མཐོ་སྒང་འདིའི་ཨ་སྔོན་ཡངས་མོ། །
ངའི་ཤོག་རྩལ་ངོམས་སར་མི་དབང་། །
མཐོ་ལྷུན་པོའི་རྩེ་མོ་དང་། །
བརྗིད་ཆགས་ཁང་སྟེང་གི་དར་ཤིང་། །
ངའི་རྐང་བརྩུགས་ཀྱི་ཕ་གཞིས་སུ་མི་དབང་། །
ལས་དབང་དམན་པའི་ང་། །
—རླུང་ཙིའི་ནང་གི་ནེ་ཙོ། །
རང་གི་སྙན་མོའི་ངག་དང་ ། །
མཛེས་སྡུག་གི་སྒྲོ་གདོང་། །
རང་དགྲར་ལངས་ནས། །
ལས་དབང་གི་ག་རྡུལ་རྩུབ་མོས། །
གུ་དོག་པའི་རླུང་ཙི་ཆུང་ངུ་། །
ངའི་འཇིག་རྟེན་དུ་བཀོད། །
རླུང་ཙིའི་ནང་། །
གཞན་གྱི་ལག་བཟུང་འོག །
ལྟོག་སྐོམ་གྱི་སྡུག་བསྔལ་མེད་ཀྱང་།།
འདི་ནི་—ངའི་རང་དབང་གི་འཇིག་རྟེན་ཞིག་མིན་པས། །
ཀ་མེད་ཀྱི་མཁའ་དབྱིངས་འདིར་ལྟ་གིན། །
ཁ་མཁས་ཚིག་སྙན་གྱི་ཨ་ཁུའི་གདོང་བསུ་ཡིན། །
ག་དུས་མེད་པར་སྐད་ཆ་སྙན་མོ་དག །
ང་ཡི་སྐད་ཆ་མིན་པས།། །
སྨྲ་བརྗོད་འདི་དག་ལ་ཁྱེད། །
ཡིད་རངས་དང་།།
འཁང་ར་གང་མེད་པར། །
སྣང་མེད་ངང་རྡོག་རོལ་བཏང་ཆོག །
ངས་རླུང་ཙིའི་ནང་ནས།།
ཟོད་དཀའ་བའི་བྱུང་བཞིའི་ཚ་གྲང་ལ་ཅི་མི་སྙམ་པར། །
བརྟུལ་ཕོད་དང་བཟོད་བསྒོམ་གྱིས། །
ལོ་ཟླའི་བརྩེགས་པ་རྩིགས་མོད། །
ཁུ་བྱུག་གིས་དཔུང་ཚོགས། །
ཤོག་རྩལ་ཡོད་རྒུས།།
མོན་ཡུལ་ལ་འཕུར་དུས།།
ངའི་ཟུར་ཟ་དང་བསུན་བྱིན།།
ཁྱེད་ལ་མེད་པར་་་་་་་་་་་་་་་་་་་
ཡང་མི་རིང་བའི་དཔྱིད་དུས་ཀྱི། །
མཛེས་ལྗོངས་བསམ་ནས། །
དགུན་དུས་ཀྱི་གྲང་རེག་མདུན་གྱི་བསུ་ཞིན།།
དཔའ་མཛངས་སྟུག་པོས།།
 རུ་ལྟར་བསྒྲིགས་ནས།།
ལྷོ་ཕྱོགས་ནས་འཕུར་བཞིན་པའི།།
ཁྲུང་ཁྲུང་ལ་ཡང་དེ་ལྟར་རོ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་ཙིའི་ནང་གི་ནེ་ཙོ།

2012-06-14 ཤངས་པ་བསྟན་དོན། ཀློག་གྲངས། མཆན ཡོད།

རང་ལ་ལྷན་སྐྱེས་ཀྱི་ཤོག་ཟུང་ལྡན་ཀྱང་། །
མཐོ་སྒང་འདིའི་ཨ་སྔོན་ཡངས་མོ། །
ངའི་ཤོག་རྩལ་ངོམས་སར་མི་དབང་། །
མཐོ་ལྷུན་པོའི་རྩེ་མོ་དང་། །
བརྗིད་ཆགས་ཁང་སྟེང་གི་དར་ཤིང་། །
ངའི་རྐང་བརྩུགས་ཀྱི་ཕ་གཞིས་སུ་མི་དབང་། །
ལས་དབང་དམན་པའི་ང་། །
—རླུང་ཙིའི་ནང་གི་ནེ་ཙོ། །
རང་གི་སྙན་མོའི་ངག་དང་ ། །
མཛེས་སྡུག་གི་སྒྲོ་གདོང་། །
རང་དགྲར་ལངས་ནས། །
ལས་དབང་གི་ག་རྡུལ་རྩུབ་མོས། །
གུ་དོག་པའི་རླུང་ཙི་ཆུང་ངུ་། །
ངའི་འཇིག་རྟེན་དུ་བཀོད། །
རླུང་ཙིའི་ནང་། །
གཞན་གྱི་ལག་བཟུང་འོག །
ལྟོག་སྐོམ་གྱི་སྡུག་བསྔལ་མེད་ཀྱང་།།
འདི་ནི་—ངའི་རང་དབང་གི་འཇིག་རྟེན་ཞིག་མིན་པས། །
ཀ་མེད་ཀྱི་མཁའ་དབྱིངས་འདིར་ལྟ་གིན། །
ཁ་མཁས་ཚིག་སྙན་གྱི་ཨ་ཁུའི་གདོང་བསུ་ཡིན། །
ག་དུས་མེད་པར་སྐད་ཆ་སྙན་མོ་དག །
ང་ཡི་སྐད་ཆ་མིན་པས།། །
སྨྲ་བརྗོད་འདི་དག་ལ་ཁྱེད། །
ཡིད་རངས་དང་།།
འཁང་ར་གང་མེད་པར། །
སྣང་མེད་ངང་རྡོག་རོལ་བཏང་ཆོག །
ངས་རླུང་ཙིའི་ནང་ནས།།
ཟོད་དཀའ་བའི་བྱུང་བཞིའི་ཚ་གྲང་ལ་ཅི་མི་སྙམ་པར། །
བརྟུལ་ཕོད་དང་བཟོད་བསྒོམ་གྱིས། །
ལོ་ཟླའི་བརྩེགས་པ་རྩིགས་མོད། །
ཁུ་བྱུག་གིས་དཔུང་ཚོགས། །
ཤོག་རྩལ་ཡོད་རྒུས།།
མོན་ཡུལ་ལ་འཕུར་དུས།།
ངའི་ཟུར་ཟ་དང་བསུན་བྱིན།།
ཁྱེད་ལ་མེད་པར་་་་་་་་་་་་་་་་་་་
ཡང་མི་རིང་བའི་དཔྱིད་དུས་ཀྱི། །
མཛེས་ལྗོངས་བསམ་ནས། །
དགུན་དུས་ཀྱི་གྲང་རེག་མདུན་གྱི་བསུ་ཞིན།།
དཔའ་མཛངས་སྟུག་པོས།།
 རུ་ལྟར་བསྒྲིགས་ནས།།
ལྷོ་ཕྱོགས་ནས་འཕུར་བཞིན་པའི།།
ཁྲུང་ཁྲུང་ལ་ཡང་དེ་ལྟར་རོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།