གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་ལྡོག

2012-06-13 13:40:00 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།


མེ་ཏོག་ཅིག་དགད་ནས་འཆི་དུས
མེ་ཏོག་གི་མཛེས་པ་མི་རྟོགས
བུང་བ་ཞིག་འཕུར་ནས་འཆི་དུས
གཤོག་ཟུང་ལ་དྲི་ཞིམ་མཆེད་ངེས

ཉི་མའི་ངོས་སུ་འཐིམས་པའི་འོད་ཀྱི་ཕུང་བོ
ཡང་ནས་ཡང་དུ་ལྡོག་འཕྲོ་བྱེད་དུས
རྒྱུ་སྐར་ག་ཚོད་ལ་ངལ་བའི་མེ་སོན་སྦར་ཐུབ
དུས་ཚོད་ཀྱི་རིམ་བསགས་ཁྲོད་སྦས་པའི
སེམས་ཀྱི་ལྷ་དང་ལྷ་མོའི་ཚོགས
ངའི་སྐྲ་ཉག་རེ་རེ་ལ་བརྒྱུས་ནས
ཕྱིར་འབོད་ཀྱི་གླུ་སྐད་དེ་ཡིན་ངེས

དེ་དགོང  གནམ་སའི་ངོ་གདོང་འདི
སྔར་བཞིན་ལྷང་འཇགས་སུ་སྣང་ཡང
གཡུ་ཆུང་དྲུག་དཀར་ལྟ་བུའི་བརྩེ་བའི་འཇིག་རྟེན་ཡོད་ཚད
མེ་ལོང་ཟད་པོ་དེའི་སྦུབས་སུ་འཚང་བའི
སྙིང་ན་བའི་ཟོལ་བཅོས་ཀྱི་སྙིགས་རོའི་ཁྱིམ་གཞི་ཞིག

                                                                                   ༢༠༡༢ལོའི་ཟླ༦ཚེས༡ཉིན།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།