གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་ན་ཟུག

2012-06-07 12:06:00 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


སྙན་ངག་འབྲི་ཤེས་པ་ནས་བཟུང་།
སྙན་ངག་པས་སྙན་ངག་མང་པོ་བྲིས།
ཡ་གིའི་འགྱུར་མེད་ཀྱི་གངས་རི་བྲིས་ཤིང་།
གངས་རིའི་དཀར་གཙང་གི་ཁ་དོག་བྲིས།
མ་གིའི་ནུབ་མེད་ཀྱི་གཙང་ཆབ་བྲིས་ཤིང་།
གཙང་པོའི་ལྷད་མེད་ཀྱི་བཞུར་རྒྱུན་བྲིས།
ཡིན་ཡང་སྙན་ངག་ལ་དགའ་བའི་མི་རིགས་ཤིག
སྙན་ངག་ཀློག་གིན་གཉིད་ལ་ཤོར་དུས།
གངས་རིའི་དཀར་གཙང་གི་ཁ་དོག་རྙོག་ལ།
གཙང་པོའི་ལྷད་མེད་ཀྱི་བཞུར་རྒྱུན་འདྲོགས་པས།
ད་གཟོད་སྙན་ངག་པས་འབྲི་བཞིན་པ་ན་ཟུག་ཡིན་ལ།
སྨྱུག་ཁ་ལས་འཛགས་བཞིན་པ་ཟུངས་ཁྲག་གི་བཞུར་རྒྱུན་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།