གཟི་ཁྲ་བོ།


མིག་གིས་བལྟས་ན་ཁྲ་རོག་རོག
ལག་གིས་རེག་ན་གྲོད་པ་རིལ་རིལ།
ལུས་ལ་བཏགས་ན་ལྗི་ཏིག་ཏིག
རེད་ལགས།  གླེང་མི་འཚར་བའི་གཟི་བྱིན་གྱི་ཀློང་དུ།
གཟི་ཁྲ་བོ།
མི་རབས་ནས་མི་རབས་རྒྱུད་པའི་ཕ་ནོར་རེད།
བུ་ཕྲུག་ནས་བུ་ཕྲུག་ལ་བརྩལ་རྒྱུའི་གཅེས་སེམས་རེད།
 
གཟི་ཁྲ་བོ།
དམན་ཆུང་བུ་མོའི་བྲང་གཞུང་མྱུལ་བའི་ནོར་བུ་ཁྲ་བོ།
སྟག་ཤར་གཞོན་པའི་སྙིང་སྒྲ་ཉན་པའི་གཟི་རིལ་རིལ།
ཟེར་སྒྲོས་དང་ཟེར་སྒྲོས་ལས་འདས་པའི་བཤད་རྒྱུན་ཁྲོད།
ཁྲ་སྒོར་སྒོར་གི་ཆུ་མིག་དེ་དག།
ཛམ་པ་ལྷ་ཡི་ཞབས་རྗེས་རེ་ཡིན་སྐད་ལ།
སྲ་མཁྲེགས་ཀྱི་ལུས་ཕུང་རེ་རེ།
ལྷ་ཆུང་ཆུང་གི་རྩེད་ཆས་ཡིན་སྐད།
ད་དུང  ཀླུ་རྒྱལ་གྱི་མི་ཡུལ་ལ་གནང་བའི་ནོར་རྫས་དེ་ཡིན་སྐད།
 
འགྱུར་འགྲོ་བའི་དུས་ཚིགས་ཀྱི་འཚུབ་ཀའི་ཁྲོད།
གཟི་ཁྲ་བོར་ཡང་དག་པའི་བདེན་པ་མ་མཆིས་ཏེ།
གཟི་ཁྲ་བོར་ཁྱིམ་གཞིས་ཀྱི་གསང་བ་གླེང་རྒྱུ་མེད།
གཟི་ཁྲ་བོར་རིགས་རུས་ཀྱི་འབྱུང་ཁུངས་བརྗོད་ཡུལ་མེད།
ལྷ་སྒྲུང་དང་ཟེར་སྒྲོས་ཁོ་ནས་གཅུན་པའི་ང་ཚོའི་གཤིས་ཀས།
གཟི་ཁྲ་བོ་ཅི་འདྲའི་ཡང་རྩེ་རུ་བཏེགས་ཀྱང་།
རྐང་ལམ་དང་འདྲ་བའི་སྟོང་སྐུད་དམར་པོས།
ཡོད་ཚད་ཀྱི་ཡོད་ཚད་ལ་སྨྲ་སྒོ་བསྡམས་དུས།
རྩ་བ་གླེང་མཁན་མེད་པའི་གཟི་ཁྲ་བོར།
བརྟག་དཔྱད་དང་བདེན་འཚོལ་གྱི་འདུ་ཤེས་དབུལ་བའི་ང་ཚོས།
དོན་དམ་པའི་རིན་ཐང་གཏེན་འཁེལ་ཞིག་བརྫོད་ནུས་སམ།
                      ༢༠༡༢ ༥ ༢༨ བྱང་ཤར་དགེ་འོས་སློབ་ཆེན་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟི་ཁྲ་བོ།

2012-06-01 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།


མིག་གིས་བལྟས་ན་ཁྲ་རོག་རོག
ལག་གིས་རེག་ན་གྲོད་པ་རིལ་རིལ།
ལུས་ལ་བཏགས་ན་ལྗི་ཏིག་ཏིག
རེད་ལགས།  གླེང་མི་འཚར་བའི་གཟི་བྱིན་གྱི་ཀློང་དུ།
གཟི་ཁྲ་བོ།
མི་རབས་ནས་མི་རབས་རྒྱུད་པའི་ཕ་ནོར་རེད།
བུ་ཕྲུག་ནས་བུ་ཕྲུག་ལ་བརྩལ་རྒྱུའི་གཅེས་སེམས་རེད།
 
གཟི་ཁྲ་བོ།
དམན་ཆུང་བུ་མོའི་བྲང་གཞུང་མྱུལ་བའི་ནོར་བུ་ཁྲ་བོ།
སྟག་ཤར་གཞོན་པའི་སྙིང་སྒྲ་ཉན་པའི་གཟི་རིལ་རིལ།
ཟེར་སྒྲོས་དང་ཟེར་སྒྲོས་ལས་འདས་པའི་བཤད་རྒྱུན་ཁྲོད།
ཁྲ་སྒོར་སྒོར་གི་ཆུ་མིག་དེ་དག།
ཛམ་པ་ལྷ་ཡི་ཞབས་རྗེས་རེ་ཡིན་སྐད་ལ།
སྲ་མཁྲེགས་ཀྱི་ལུས་ཕུང་རེ་རེ།
ལྷ་ཆུང་ཆུང་གི་རྩེད་ཆས་ཡིན་སྐད།
ད་དུང  ཀླུ་རྒྱལ་གྱི་མི་ཡུལ་ལ་གནང་བའི་ནོར་རྫས་དེ་ཡིན་སྐད།
 
འགྱུར་འགྲོ་བའི་དུས་ཚིགས་ཀྱི་འཚུབ་ཀའི་ཁྲོད།
གཟི་ཁྲ་བོར་ཡང་དག་པའི་བདེན་པ་མ་མཆིས་ཏེ།
གཟི་ཁྲ་བོར་ཁྱིམ་གཞིས་ཀྱི་གསང་བ་གླེང་རྒྱུ་མེད།
གཟི་ཁྲ་བོར་རིགས་རུས་ཀྱི་འབྱུང་ཁུངས་བརྗོད་ཡུལ་མེད།
ལྷ་སྒྲུང་དང་ཟེར་སྒྲོས་ཁོ་ནས་གཅུན་པའི་ང་ཚོའི་གཤིས་ཀས།
གཟི་ཁྲ་བོ་ཅི་འདྲའི་ཡང་རྩེ་རུ་བཏེགས་ཀྱང་།
རྐང་ལམ་དང་འདྲ་བའི་སྟོང་སྐུད་དམར་པོས།
ཡོད་ཚད་ཀྱི་ཡོད་ཚད་ལ་སྨྲ་སྒོ་བསྡམས་དུས།
རྩ་བ་གླེང་མཁན་མེད་པའི་གཟི་ཁྲ་བོར།
བརྟག་དཔྱད་དང་བདེན་འཚོལ་གྱི་འདུ་ཤེས་དབུལ་བའི་ང་ཚོས།
དོན་དམ་པའི་རིན་ཐང་གཏེན་འཁེལ་ཞིག་བརྫོད་ནུས་སམ།
                      ༢༠༡༢ ༥ ༢༨ བྱང་ཤར་དགེ་འོས་སློབ་ཆེན་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།