འཆི་བདག་གི་གླུ།


ལོ་ཟླའི་འགྱུར་བག་དེ་རལ་གྲིའི་སོ་ཁ་བཞིན
མི་ཡུལ་གྱི་བྱམས་བརྩེ་དང་སྡུག་བསྔལ……
སྙིང་ཉེ་བའི་མི་དེ་དག་དང་ངོ་བོ་དབྱེར་མེད་དུ་འཐིམས

རྣམ་ཤེས་ལ་བཅིབས་པའི་བླ་རྟ་རྒན་པོ་དེ
གངས་རིའི་རྩེ་མོར་འཁྱུད་པའི་འཇའ་འོད་ཀྱི་གུར་ཁྱིམ་བཞིན
དག་ཞིང་གཞན་ཞིག་གི་ལམ་སྣ་བསྙེག་པར་ལྷ་ཚོགས་ལ་གསོལ་འདེབས་ཕུལ

ཚེ་སྲོག   ཚོང་འདུས་ཀྱི་མགྲོན་པོ་བཞིན་མི་ཡུལ་དང་གཏན་དུ་བྲལ་དུས
འཇིག་རྟེན་འདི     ཆེས་མཐའ་མཇུག་གི་ལྷ་ཚོགས་ཀྱིས་བྱིན་རླབས་གཏོར་ས་དེ་ཡིན་ནམ

དུར་ཁྲོད་ན་ཐོར་བའི་སྐྲ་རྩིད་དང་སེན་མོ     ཁྲག་ཐིགས་དང་ཀེང་རུས་དག་ལས
ཤ་ཁྲག་གི་ཕུང་བོ་གཉོམ་པོ་དེ་རྒོད་ཁྱུའི་མཆུ་སྡེར་བར་ནས
འབྱུང་བཞིའི་དབྱངས་རྟ་དང་བསྡོངས་ཏེ་མི་མངོན་པའི་ཞིང་དུ་བཞུད་འགྲོ

བེམ་པོ་སྔོ་བའི་རྣམ་ཤེས་ཁེར་རྐྱང་ཉིད
མི་ཡུལ་གྱི་གྲུ་ག་ཞིག་ཏུ་འོ་དོད་དང་སྨེ་སྔགས་ཀྱིས་མནར་བཞིན
ཡོད་ཚད་སྣང་ཡང་རེག་ཏུ་མེད་པའི་ན་ཟུག་དེས་མིག་ཆུ་ཇི་འདྲ་ཞིག་བསླངས་མྱོང་ཨང

ཚེ་སྲོག་གི་རྒྱུ་བ་མ་འགག་པའི་སྐད་ཅིག་མཐའ་མ་དེར
ཕུང་བོར་གཞི་བཅས་ཀྱི་རྣམ་ཤེས་ཁེར་རྐྱང
སྲིད་པ་འདིའི་ཡོད་ཚད་ལ་སྙིང་རྗེ་དང་ཞེན་ཆགས་ཅི་ཡང་མེད་པ་འདྲ་བར
ཀུ་རེའི་ཟོལ་གྱིས་གྱེས་ཕྱག་ཕུལ་སྟངས་དེས
མི་ཡུལ་གྱི་གྲུ་ག་རེ་རེར་མིག་ཆུ་དང་སྡུག་བསྔལ་གྱིས་བརླན་ཞིང
མཆི་མ་དང་ངུ་འབོད་ཀྱི་གདུང་དབྱངས་ཁྲོད་ནས་
ཚེ་རབས་འདིའི་ཕུང་བོར་གཏན་དུ་གྱེས
མི་ཚེ་འདིའི་ཡོད་ཚད་དང་གཏན་དུ་གྱེས
སྐྱེས་དགའ་ན་འཆིའི་ཞུན་ཐིགས་རེ་རེ་འདི་ལྟར་ཟགས་བཞིན་གྱེས
              ༢༠༡༢་་་༤་་་༡༩
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་བདག་གི་གླུ།

2012-06-01 སེང་ཆེན། ཀློག་གྲངས། མཆན ཡོད།


ལོ་ཟླའི་འགྱུར་བག་དེ་རལ་གྲིའི་སོ་ཁ་བཞིན
མི་ཡུལ་གྱི་བྱམས་བརྩེ་དང་སྡུག་བསྔལ……
སྙིང་ཉེ་བའི་མི་དེ་དག་དང་ངོ་བོ་དབྱེར་མེད་དུ་འཐིམས

རྣམ་ཤེས་ལ་བཅིབས་པའི་བླ་རྟ་རྒན་པོ་དེ
གངས་རིའི་རྩེ་མོར་འཁྱུད་པའི་འཇའ་འོད་ཀྱི་གུར་ཁྱིམ་བཞིན
དག་ཞིང་གཞན་ཞིག་གི་ལམ་སྣ་བསྙེག་པར་ལྷ་ཚོགས་ལ་གསོལ་འདེབས་ཕུལ

ཚེ་སྲོག   ཚོང་འདུས་ཀྱི་མགྲོན་པོ་བཞིན་མི་ཡུལ་དང་གཏན་དུ་བྲལ་དུས
འཇིག་རྟེན་འདི     ཆེས་མཐའ་མཇུག་གི་ལྷ་ཚོགས་ཀྱིས་བྱིན་རླབས་གཏོར་ས་དེ་ཡིན་ནམ

དུར་ཁྲོད་ན་ཐོར་བའི་སྐྲ་རྩིད་དང་སེན་མོ     ཁྲག་ཐིགས་དང་ཀེང་རུས་དག་ལས
ཤ་ཁྲག་གི་ཕུང་བོ་གཉོམ་པོ་དེ་རྒོད་ཁྱུའི་མཆུ་སྡེར་བར་ནས
འབྱུང་བཞིའི་དབྱངས་རྟ་དང་བསྡོངས་ཏེ་མི་མངོན་པའི་ཞིང་དུ་བཞུད་འགྲོ

བེམ་པོ་སྔོ་བའི་རྣམ་ཤེས་ཁེར་རྐྱང་ཉིད
མི་ཡུལ་གྱི་གྲུ་ག་ཞིག་ཏུ་འོ་དོད་དང་སྨེ་སྔགས་ཀྱིས་མནར་བཞིན
ཡོད་ཚད་སྣང་ཡང་རེག་ཏུ་མེད་པའི་ན་ཟུག་དེས་མིག་ཆུ་ཇི་འདྲ་ཞིག་བསླངས་མྱོང་ཨང

ཚེ་སྲོག་གི་རྒྱུ་བ་མ་འགག་པའི་སྐད་ཅིག་མཐའ་མ་དེར
ཕུང་བོར་གཞི་བཅས་ཀྱི་རྣམ་ཤེས་ཁེར་རྐྱང
སྲིད་པ་འདིའི་ཡོད་ཚད་ལ་སྙིང་རྗེ་དང་ཞེན་ཆགས་ཅི་ཡང་མེད་པ་འདྲ་བར
ཀུ་རེའི་ཟོལ་གྱིས་གྱེས་ཕྱག་ཕུལ་སྟངས་དེས
མི་ཡུལ་གྱི་གྲུ་ག་རེ་རེར་མིག་ཆུ་དང་སྡུག་བསྔལ་གྱིས་བརླན་ཞིང
མཆི་མ་དང་ངུ་འབོད་ཀྱི་གདུང་དབྱངས་ཁྲོད་ནས་
ཚེ་རབས་འདིའི་ཕུང་བོར་གཏན་དུ་གྱེས
མི་ཚེ་འདིའི་ཡོད་ཚད་དང་གཏན་དུ་གྱེས
སྐྱེས་དགའ་ན་འཆིའི་ཞུན་ཐིགས་རེ་རེ་འདི་ལྟར་ཟགས་བཞིན་གྱེས
              ༢༠༡༢་་་༤་་་༡༩
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།