ལག་པ་ཡ་གཅིག མིག་ཟུང་ཡ་གཅིག རྐང་བ་ཡ་གཅིག

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-01

ཐང་ཆད་འདུག་པའི་དུས་ཡུན་ནང
ཕྱི་རོལ་ན་མཛེས་ལྗོངས་མཐོང་རྒྱུ་མི་འདུག
ཉི་ཟེར་འཆར་རྒྱུ་མི་འདུག
ང་ཆུ་འཁྱག་གི་ནང་ཉལ་ནས་དགུན་ཉལ་ཐེངས་ཤིག་བྱས་རྗེས
མི་རྣམས་ཀྱིས་ཉི་མ་འཆར་བྱུང་ཟེར་བཞིན་
ཀུ་ཅོ་ཡང་ཡང་སྒྲོག་བཞིན་འདུག
བལྟས་ཚོད་དུ
དེ་ནི་གནམ་གྱི་མཐའ་ནས་སྒྲེང་བའི་འོད་ཟླུམ་དམར་བོ་ཞིག་རེད།
ངས་སླར་ཡང་འདིའི་ནུས་བ་ཅི་རེད་ཟེར་བཞིན་འདྲི་ཚུལ་གཞན་ཞིག་གིས
མི་རྣམས་སྟ་གོན་བྱས་ཟིན་པས་ང་ལ་ཨ་ལན་སྟེར་ཁོམ་མ་བྱུང་།

ང་ཐོག་མར་བྱིས་པ་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་དེའི་དབང་གིས
ཨ་མས་ཀྱང་སྐབས་འདི་ཏག་ཏག་ལ
ཁྱོད་རང་དྭགས་གཙང་གི་ལམ་ཞིག་ཏུ་རྫོངས་བ་བྱིན་ཡོད་ཟེར།
སྐེ་རགས་འདི་དང་།
རྩམ་ཁུག་འདི།
མིང་བྱང་འདི་ཁྱེད་ཀྱི་ལམ་བྲོ་ཡིན་ཞེས་བརྗོད།

ངས་བསམ་པར་ཨ་མས་ཀྱང་ང་ལ་རྫུན་ལབ་གྱིན་འདུག་སྙམ།
མ་གཞི་ནས་ང་ནི་དབང་བོ་སྐྱོན་ཅན་ཞིག་རེད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་པ་ཡ་གཅིག མིག་ཟུང་ཡ་གཅིག རྐང་བ་ཡ་གཅིག

2012-06-01 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

ཐང་ཆད་འདུག་པའི་དུས་ཡུན་ནང
ཕྱི་རོལ་ན་མཛེས་ལྗོངས་མཐོང་རྒྱུ་མི་འདུག
ཉི་ཟེར་འཆར་རྒྱུ་མི་འདུག
ང་ཆུ་འཁྱག་གི་ནང་ཉལ་ནས་དགུན་ཉལ་ཐེངས་ཤིག་བྱས་རྗེས
མི་རྣམས་ཀྱིས་ཉི་མ་འཆར་བྱུང་ཟེར་བཞིན་
ཀུ་ཅོ་ཡང་ཡང་སྒྲོག་བཞིན་འདུག
བལྟས་ཚོད་དུ
དེ་ནི་གནམ་གྱི་མཐའ་ནས་སྒྲེང་བའི་འོད་ཟླུམ་དམར་བོ་ཞིག་རེད།
ངས་སླར་ཡང་འདིའི་ནུས་བ་ཅི་རེད་ཟེར་བཞིན་འདྲི་ཚུལ་གཞན་ཞིག་གིས
མི་རྣམས་སྟ་གོན་བྱས་ཟིན་པས་ང་ལ་ཨ་ལན་སྟེར་ཁོམ་མ་བྱུང་།

ང་ཐོག་མར་བྱིས་པ་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་དེའི་དབང་གིས
ཨ་མས་ཀྱང་སྐབས་འདི་ཏག་ཏག་ལ
ཁྱོད་རང་དྭགས་གཙང་གི་ལམ་ཞིག་ཏུ་རྫོངས་བ་བྱིན་ཡོད་ཟེར།
སྐེ་རགས་འདི་དང་།
རྩམ་ཁུག་འདི།
མིང་བྱང་འདི་ཁྱེད་ཀྱི་ལམ་བྲོ་ཡིན་ཞེས་བརྗོད།

ངས་བསམ་པར་ཨ་མས་ཀྱང་ང་ལ་རྫུན་ལབ་གྱིན་འདུག་སྙམ།
མ་གཞི་ནས་ང་ནི་དབང་བོ་སྐྱོན་ཅན་ཞིག་རེད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།