ཚིག་གི་རྨི་ལམ་སྒྱུ་མའི་རྩེད་མོ།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-28


དབྱངས་ལས་མཆེ་བ་དང་སྡེར་མོ་མངོན
འོད་དང་མུན་པས་མཉམ་དུ་ཁྱབ་པའི་སེམས་ཉིད་
བརྩེ་དུང་གིས་ཡང་ཡང་བྲིད
རླུང་བུ་ཁོ་ན་གཡུགས་པའི་ཕྱོགས་སུ
ཞེ་སྡང་ལ་ཕ་མཐའ་མེད
བྲག་རྡོའི་ཁེར་རྐྱང་དང་ནགས་ཚལ་གྱི་སྐྱོ་གླུ
བྱེ་མའི་རྦ་རླབས་དང་རྩི་ཤིང་གི་སྨྲེ་ངག
ཁམས་འཁྲིགས་པའི་རང་བྱུང་མ
ངུ་ཞོར་དང་དགོད་ཞོར
འགྲོ་འགྲོ་ཐམས་ཅད་ཀྱི་བློ་དང་བཀོད་པ
ལོག་ཡོང་མཁན་ཚོའི་ཐབས་དང་ཤེས་རབ
གྲིམ་ལྷོད་ཤོར་བས   ཡོ་ཟུར་ཤོར་བས
ནད་དང་མུ་གེའི་ཡོང་འབབ
དབུལ་དང་མེད་ཀྱི་སྐྱས་ལམ
སྒྲ་ལ་འཁོར་བའི་དབུགས་ཀྱི་རླངས་པ
ཆུ་ལ་འཐིམས་པའི་གཟུགས་ཀྱི་རྡུལ་ཕྲན
ཐ་སྙད་ཀྱི་རྩིད་པས་བསླེས་པའི་སྣང་བའི་རི་མོ
ཡང་ན    དཀར་པོ་དང་ནག་པོ
གློག་འཁྱུག་པའི་འོད་ཀྱི་སྐད་ཅིག་མ
མིག་གི་འཇའ་དང་སེམས་ཀྱི་འཇའ
མེ་ལྕེ་ལྗང་ཁུ  མེ་ལྕེ་གློ་ཁ
རི་མོ་སྣ་ཚོགས   སྨྱུག་ཁ་བརྒྱ་དང་སྟོང
གྲངས་མེད་ཚོན་གྱི་འཇིག་རྟེན
སེམས་ཅན་ཁྲི་མ་འབུམ
དགའ་ཕྱོགས་ཁྲི་མ་འབུམ
རྣམ་ཤེས་འཁྱམ་པོ་ཁྲི་མ་འབུམ
ཁ་བའི་འདབ་མ་ཁྲི་མ་འབུམ
ཆར་བའི་འཕྲིན་ཡིག་ཕྱོགས་བསྒྲིགས
རོལ་མོའི་རྒྱུན་ལ་འཐིམས་པའི་ཚོར་བའི་ཁ་དོག
གཟུགས་ཀྱི་བསླུ་བྲིད་ལ་རྨི་ལམ་འཁོར  སེམས་ཆགས
མི་དང་མིའི་བར་ལ་མུན་ནག་འཐིབས
མུན་ནག་ནང་དུ་གཡོ་སྒྱུའི་ཟློས་གར་འཁྲིགས
ཡིད་ཆེས་ཐེ་ཚོམ་གྱི་ཇག་པས་བསྐོར
ཕྲག་དོག་གི་དཔུང་ཚོགས་གང་ས་གང་དུ་ཁྱབ
དྲི་བའི་མདའ་དང་མདུང  བཙའ་དང་གཡའ
ཟུར་ཟའི་ཚེར་མ་འཛིངས་པའི་ཚིག་དང་ལོ་མ
དཀྲོལ་བར་དཀའ་བའི་ལྷ་མིའི་གཏམ་རྒྱུད
ངག་གི་འདབ་མའི་སྟེང་གི་བསྐལ་བའི་ཆུ་བོ
ཟིལ་བ་ཁྲོམ་ཁྲོམ   ཟིལ་བ་ཁྲོམ་ཁྲོམ
མི་སེམས་བརྩེ་བའི་བརླན་གྱིས་བཤེར་ལ
སླར་ཡང་ཁོང་ཁྲོའི་ཙད་ཀྱིས་སྐེམ
རླུང་གང་དུ་ཡོད
ཆར་གང་དུ་ཡོད
རྨི་ལམ་གྱི་འོད་དང་ལག་པ་གང་དུ་ཡོད
མ་རིག་པའི་སྟོབས་ཀྱི་རྦ་རླབས་སུ
ཡང་ཡང་མཆོངས   ཡང་ཡང་མཆོངས
དུས་ཚོད་ཀྱི་སྐྱེ་རྒ་ན་འཆི
ཚེ་སྲོག་གི་ས་ཆུ་མེ་རླུང
འདོད་པའི་མཐའ་ལ་མཛད་དུ་མེད
ནམ་མཁའ་ལ་ཐོགས་རེག་མེད
འོད་དང་མུན་པ་ལ་དབྱེ་བ་མེད
ལ་ལར་འོད་ནི་མུན་པ་དང
ལ་ལར་མུན་པ་ནི་འོད་དོ
དུག་དང་སྨན་ལ་དབྱེ་བ་མེད
ཁ་ཤས་ལ་དུག་ནི་སྨན་དང
ཁ་ཤས་ལ་སྨན་ནི་དུག་གོ
སྒྲ་སྙན་ཆག་པོ་དེའི་བདག་པོའི་མིག་གཅིག་ཞར་འདུག
འོན་ཀྱང  སེམས་ཀྱི་མིག་གིས་སྒྲ་ཡི་མི་རྟག་པ་འཛིན
ལྷ་ཡི་གཤོག་པ་སྤྲད་པའི་ངག་རྒྱུན་སྙན་ཞིང་མཛེས
ཆུ་བོ་སེང་གེ་ཁ་འབབ་དྭངས་ཤིང་རིང
དུས་ཀྱི་འཇའ་ཚོན་ལ་རྨི་ལམ་འཁོར
སྤྲིན་ནག་གི་གྲིབ་མ་རིང་བོ་རླུང་དང་ཉི་མས་གཏོར
དབྱངས་ཀྱི་རྣམ་ཤེས་བར་སྣང་སྟོང་བར་འཁོར
ས་སྟེང་གི་མི་སྡུག་པའི་གཟུགས་སྣ་ཚོགས་ལ
ཧམ་སེམས་ཀྱིས་དགའ་བའི་ངོ་འཛུམ་སྟོན
འདོད་ཆགས་ཀྱིས་རེ་རེ་བཞིན་ཉར་ཚགས་རྒྱག
དབྱངས་ཀྱི་ཟེའུ་འབྲུ་ཁ་ཤས་བྱམས་བརྩེའི་སྙིམ་པའི་ནང་ལྷུང
ཉི་ཐིག་གི་ཁུ་བ་ཟགས་པའི་ས་གཞི་ནི་འཁྲེགས་ཤིང་འབྱམས
ཡང་ན  བཟོད་པའི་མཐའ་མི་རིག
དུས་ཀྱི་རླུང་བུ་ལྡང་ཉེས་ཤིག་གིས་ཕྱོགས་ཕྱོགས་སུ་གཏོར་བའི་མེ་མདག
ཕྱིར་ལ་བསྒྲུགས་ཐབས་བྲལ
ས་བོན་གྱི་ང་རྒྱལ་གླུ་ཡིས་བཀུགས
ལྗང་མདོག་གླུ་ཡིས་བཀུགས
ཐབས་དང་ཤེས་རབ་གླུ་ཡིས་བཀུགས
ཕོ་དང་མོ་ཡི་གཉུག་གཤིས་ཀྱི་གར་སྟབས་ལ་
བསྟོད་གླུ་ཡང་ཡང་འབུལ
ཚོར་བས་སྤྲུལ་བ་བསྒྱུར་ཏེ་མཛེས་པའི་མངའ་ཐང་རྙེད
སླར་ཡང་བ་སྤུའི་བུ་ག་རེ་ནས་སངས་རྒྱས་རེ་བྱོན་པར་བྱས
བདེ་སྐྱིད་ནི་གློག་དམར་གྱི་ལྭ་བ་གྱོན་པའི་བརྒྱད་ཅུའི་རྒན་མོ་ཞིག་རེད
ཡིད་རྟོན་ལ་དོགས་པའི་འཛེར་མ་བརྡབས་ཏེ་ཤ་འདར་བར་བྱས
འབྲུག་མོའི་ལག་གི་དགུ་ཚིགས་ཀྱི་ཐལ་བས་གནམ་སྔོན་འཕྲེད་ཀྱིས་བཅད
མདུན་ནི་བུ་ཡུག་གི་གྲི་རྩེད་དང་
རྒྱབ་ནི་རླུང་དམར་གྱི་ཀི་ལྡིར
གཡས་ནི་སྐྱེ་འཆི་ཡི་ཨ་ལོང་དང
གཡོན་ནི་སྣང་སྟོང་གི་མགུར་མ
རྡུལ་དང་ཁྲག་གིས་མཆོད་པའི་སྒྲུང་རིང
སྐྱིད་དང་སྡུག་གིས་བཏགས་པའི་མི་ཚེ
བརྩེ་བའི་རི་མོ་ཟབ་པའི་ལས་འཕྲོ
དབྱངས་ཀྱི་ཆར་དང་སྒྲ་ཡི་འཛེར་མས་འཁྱུད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་རྨི་ལམ་སྒྱུ་མའི་རྩེད་མོ།

2012-05-28 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།


དབྱངས་ལས་མཆེ་བ་དང་སྡེར་མོ་མངོན
འོད་དང་མུན་པས་མཉམ་དུ་ཁྱབ་པའི་སེམས་ཉིད་
བརྩེ་དུང་གིས་ཡང་ཡང་བྲིད
རླུང་བུ་ཁོ་ན་གཡུགས་པའི་ཕྱོགས་སུ
ཞེ་སྡང་ལ་ཕ་མཐའ་མེད
བྲག་རྡོའི་ཁེར་རྐྱང་དང་ནགས་ཚལ་གྱི་སྐྱོ་གླུ
བྱེ་མའི་རྦ་རླབས་དང་རྩི་ཤིང་གི་སྨྲེ་ངག
ཁམས་འཁྲིགས་པའི་རང་བྱུང་མ
ངུ་ཞོར་དང་དགོད་ཞོར
འགྲོ་འགྲོ་ཐམས་ཅད་ཀྱི་བློ་དང་བཀོད་པ
ལོག་ཡོང་མཁན་ཚོའི་ཐབས་དང་ཤེས་རབ
གྲིམ་ལྷོད་ཤོར་བས   ཡོ་ཟུར་ཤོར་བས
ནད་དང་མུ་གེའི་ཡོང་འབབ
དབུལ་དང་མེད་ཀྱི་སྐྱས་ལམ
སྒྲ་ལ་འཁོར་བའི་དབུགས་ཀྱི་རླངས་པ
ཆུ་ལ་འཐིམས་པའི་གཟུགས་ཀྱི་རྡུལ་ཕྲན
ཐ་སྙད་ཀྱི་རྩིད་པས་བསླེས་པའི་སྣང་བའི་རི་མོ
ཡང་ན    དཀར་པོ་དང་ནག་པོ
གློག་འཁྱུག་པའི་འོད་ཀྱི་སྐད་ཅིག་མ
མིག་གི་འཇའ་དང་སེམས་ཀྱི་འཇའ
མེ་ལྕེ་ལྗང་ཁུ  མེ་ལྕེ་གློ་ཁ
རི་མོ་སྣ་ཚོགས   སྨྱུག་ཁ་བརྒྱ་དང་སྟོང
གྲངས་མེད་ཚོན་གྱི་འཇིག་རྟེན
སེམས་ཅན་ཁྲི་མ་འབུམ
དགའ་ཕྱོགས་ཁྲི་མ་འབུམ
རྣམ་ཤེས་འཁྱམ་པོ་ཁྲི་མ་འབུམ
ཁ་བའི་འདབ་མ་ཁྲི་མ་འབུམ
ཆར་བའི་འཕྲིན་ཡིག་ཕྱོགས་བསྒྲིགས
རོལ་མོའི་རྒྱུན་ལ་འཐིམས་པའི་ཚོར་བའི་ཁ་དོག
གཟུགས་ཀྱི་བསླུ་བྲིད་ལ་རྨི་ལམ་འཁོར  སེམས་ཆགས
མི་དང་མིའི་བར་ལ་མུན་ནག་འཐིབས
མུན་ནག་ནང་དུ་གཡོ་སྒྱུའི་ཟློས་གར་འཁྲིགས
ཡིད་ཆེས་ཐེ་ཚོམ་གྱི་ཇག་པས་བསྐོར
ཕྲག་དོག་གི་དཔུང་ཚོགས་གང་ས་གང་དུ་ཁྱབ
དྲི་བའི་མདའ་དང་མདུང  བཙའ་དང་གཡའ
ཟུར་ཟའི་ཚེར་མ་འཛིངས་པའི་ཚིག་དང་ལོ་མ
དཀྲོལ་བར་དཀའ་བའི་ལྷ་མིའི་གཏམ་རྒྱུད
ངག་གི་འདབ་མའི་སྟེང་གི་བསྐལ་བའི་ཆུ་བོ
ཟིལ་བ་ཁྲོམ་ཁྲོམ   ཟིལ་བ་ཁྲོམ་ཁྲོམ
མི་སེམས་བརྩེ་བའི་བརླན་གྱིས་བཤེར་ལ
སླར་ཡང་ཁོང་ཁྲོའི་ཙད་ཀྱིས་སྐེམ
རླུང་གང་དུ་ཡོད
ཆར་གང་དུ་ཡོད
རྨི་ལམ་གྱི་འོད་དང་ལག་པ་གང་དུ་ཡོད
མ་རིག་པའི་སྟོབས་ཀྱི་རྦ་རླབས་སུ
ཡང་ཡང་མཆོངས   ཡང་ཡང་མཆོངས
དུས་ཚོད་ཀྱི་སྐྱེ་རྒ་ན་འཆི
ཚེ་སྲོག་གི་ས་ཆུ་མེ་རླུང
འདོད་པའི་མཐའ་ལ་མཛད་དུ་མེད
ནམ་མཁའ་ལ་ཐོགས་རེག་མེད
འོད་དང་མུན་པ་ལ་དབྱེ་བ་མེད
ལ་ལར་འོད་ནི་མུན་པ་དང
ལ་ལར་མུན་པ་ནི་འོད་དོ
དུག་དང་སྨན་ལ་དབྱེ་བ་མེད
ཁ་ཤས་ལ་དུག་ནི་སྨན་དང
ཁ་ཤས་ལ་སྨན་ནི་དུག་གོ
སྒྲ་སྙན་ཆག་པོ་དེའི་བདག་པོའི་མིག་གཅིག་ཞར་འདུག
འོན་ཀྱང  སེམས་ཀྱི་མིག་གིས་སྒྲ་ཡི་མི་རྟག་པ་འཛིན
ལྷ་ཡི་གཤོག་པ་སྤྲད་པའི་ངག་རྒྱུན་སྙན་ཞིང་མཛེས
ཆུ་བོ་སེང་གེ་ཁ་འབབ་དྭངས་ཤིང་རིང
དུས་ཀྱི་འཇའ་ཚོན་ལ་རྨི་ལམ་འཁོར
སྤྲིན་ནག་གི་གྲིབ་མ་རིང་བོ་རླུང་དང་ཉི་མས་གཏོར
དབྱངས་ཀྱི་རྣམ་ཤེས་བར་སྣང་སྟོང་བར་འཁོར
ས་སྟེང་གི་མི་སྡུག་པའི་གཟུགས་སྣ་ཚོགས་ལ
ཧམ་སེམས་ཀྱིས་དགའ་བའི་ངོ་འཛུམ་སྟོན
འདོད་ཆགས་ཀྱིས་རེ་རེ་བཞིན་ཉར་ཚགས་རྒྱག
དབྱངས་ཀྱི་ཟེའུ་འབྲུ་ཁ་ཤས་བྱམས་བརྩེའི་སྙིམ་པའི་ནང་ལྷུང
ཉི་ཐིག་གི་ཁུ་བ་ཟགས་པའི་ས་གཞི་ནི་འཁྲེགས་ཤིང་འབྱམས
ཡང་ན  བཟོད་པའི་མཐའ་མི་རིག
དུས་ཀྱི་རླུང་བུ་ལྡང་ཉེས་ཤིག་གིས་ཕྱོགས་ཕྱོགས་སུ་གཏོར་བའི་མེ་མདག
ཕྱིར་ལ་བསྒྲུགས་ཐབས་བྲལ
ས་བོན་གྱི་ང་རྒྱལ་གླུ་ཡིས་བཀུགས
ལྗང་མདོག་གླུ་ཡིས་བཀུགས
ཐབས་དང་ཤེས་རབ་གླུ་ཡིས་བཀུགས
ཕོ་དང་མོ་ཡི་གཉུག་གཤིས་ཀྱི་གར་སྟབས་ལ་
བསྟོད་གླུ་ཡང་ཡང་འབུལ
ཚོར་བས་སྤྲུལ་བ་བསྒྱུར་ཏེ་མཛེས་པའི་མངའ་ཐང་རྙེད
སླར་ཡང་བ་སྤུའི་བུ་ག་རེ་ནས་སངས་རྒྱས་རེ་བྱོན་པར་བྱས
བདེ་སྐྱིད་ནི་གློག་དམར་གྱི་ལྭ་བ་གྱོན་པའི་བརྒྱད་ཅུའི་རྒན་མོ་ཞིག་རེད
ཡིད་རྟོན་ལ་དོགས་པའི་འཛེར་མ་བརྡབས་ཏེ་ཤ་འདར་བར་བྱས
འབྲུག་མོའི་ལག་གི་དགུ་ཚིགས་ཀྱི་ཐལ་བས་གནམ་སྔོན་འཕྲེད་ཀྱིས་བཅད
མདུན་ནི་བུ་ཡུག་གི་གྲི་རྩེད་དང་
རྒྱབ་ནི་རླུང་དམར་གྱི་ཀི་ལྡིར
གཡས་ནི་སྐྱེ་འཆི་ཡི་ཨ་ལོང་དང
གཡོན་ནི་སྣང་སྟོང་གི་མགུར་མ
རྡུལ་དང་ཁྲག་གིས་མཆོད་པའི་སྒྲུང་རིང
སྐྱིད་དང་སྡུག་གིས་བཏགས་པའི་མི་ཚེ
བརྩེ་བའི་རི་མོ་ཟབ་པའི་ལས་འཕྲོ
དབྱངས་ཀྱི་ཆར་དང་སྒྲ་ཡི་འཛེར་མས་འཁྱུད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།