མོན་ཡུལ་དུ་ཆས་པ།

གཉལ་ཨ་བཀྲ།༼ལྷ་ས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-27

          ༡
ཡར་ཀླུང་ནས་མོན་ཡུལ།
ང་རང་ས་མཐར་འཁྱམས་ཞིང༌།
ཚངས་དབྱངས་རྒྱ་མཚོའི་ཞབས་འོག་ནས།
མགུར་གླུ་ཁྱུ་ཞིག་རྙེད་ན་སྙམ།
མོན་ཡུལ།  ངའི་ཕ་མེས་ཀྱི་བཞུགས་གནས།
མོན་ཡུལ།  ངའི་ཨ་ཕས་ཐེངས་མང་བཞུད་མྱོང་བའི་ས་མཐའ།
གསན་དང་  གྲོང་ཚོའི་ཕ་ན་མ་ན།
སྙན་འཇེབ་ཀྱི་དྲིལ་སྒྲ།   གྲལ་འགྲིག་པའི་དོ་སྐྱེལ་བ།
དེ་ནི་ངའི་བྱིས་དུས་ཀྱི་བསམས་གཞིགས།
        ༢
དེ་རིང་ཚངས་དབྱངས་རྒྱ་མཚོའི་ཞབས་འོག་ཏུ།
ངས་པ་ཕའི་འཚོ་ལམ་ཀྱག་ཀྱོག་དེའི་སྟེང།
བགྲེ་ལྡོག་ཡང་ཡང་རྒྱག་བཞིན།
པ་ཕའི་ལ་གླུ་ཕྲ་མོ་དེ་ལེན་གིན།
ཉི་ཟེར་དང་འདྲ་བའི་འདུན་པ་ཞིག་གིས།
མོན་ཡུལ་དུ་གྲགས་པའི་མོན་ཡུལ་དུ་ཆས།
སྟོན་ཆར་སིམ་སིམ་དུ་བབས་སྐད།
དེ་རིང་མོན་ཡུལ་སྐྱ་ཐེར་ཐེར།
བྱང་ལྷགས་འུར་འུར་དུ་ལྡང་སྐད།
མགུར་གླུའི་སིང་སྒྲ་སྐྱོ་ལྷང་ལྷང༌།
འདར་སིག་སིག་གི་གོམ་བགྲོས།
སྡོད་མི་ཚུགས་པའི་སེམས་པ།
མོན་ཡུལ་འདི་སུ་ཞིག་གི་ཆེད་དུ་དབུགས་རིང་འདི་ལྟར་འབྱིན།
         ༣
“ཕེབས་སོང།  ཚངས་དབྱངས་རྒྱ་མཚོ་མཆོག།
མགུར་གླུ་གྱེར་བཞིན་ཕེབས་སོང།
ཕེབས་སོང།  ཚངས་དབྱངས་རྒྱ་མཚོ་མཆོག།
མོན་ཡུལ་རྨི་ལམ་བསྣམས་ཏེ་ཕེབས་སོང།
གསན་དང།  བྱ་དེ་ཁྲུང་ཁྲུང་དཀར་མོ།
ཁྱེད་ལ་གཤོག་རྩལ་ཡོད་ན།
ཐག་རིང་མི་ཡུལ་གཞུང་དུ།
ཚངས་དབྱངས་མཇལ་བར་ཁྲིད་དང།”
མགོ་ཕྱེད་དཀར་པོར་སོང་བའི་མོན་ཡུལ་བགྲེས་སོང།
དཔྲལ་རིས་མཐུག་པོ་དག་བསྡུ་བཞིན།
གདངས་རིང་གི་སྐྱོ་གླུས།
མོན་ཡུལ་ཁྱོན་ལ་སྐྱི་ག་ཡའ་འབྱིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མོན་ཡུལ་དུ་ཆས་པ།

2012-05-27 གཉལ་ཨ་བཀྲ།༼ལྷ་ས༽ ཀློག་གྲངས། མཆན ཡོད།

          ༡
ཡར་ཀླུང་ནས་མོན་ཡུལ།
ང་རང་ས་མཐར་འཁྱམས་ཞིང༌།
ཚངས་དབྱངས་རྒྱ་མཚོའི་ཞབས་འོག་ནས།
མགུར་གླུ་ཁྱུ་ཞིག་རྙེད་ན་སྙམ།
མོན་ཡུལ།  ངའི་ཕ་མེས་ཀྱི་བཞུགས་གནས།
མོན་ཡུལ།  ངའི་ཨ་ཕས་ཐེངས་མང་བཞུད་མྱོང་བའི་ས་མཐའ།
གསན་དང་  གྲོང་ཚོའི་ཕ་ན་མ་ན།
སྙན་འཇེབ་ཀྱི་དྲིལ་སྒྲ།   གྲལ་འགྲིག་པའི་དོ་སྐྱེལ་བ།
དེ་ནི་ངའི་བྱིས་དུས་ཀྱི་བསམས་གཞིགས།
        ༢
དེ་རིང་ཚངས་དབྱངས་རྒྱ་མཚོའི་ཞབས་འོག་ཏུ།
ངས་པ་ཕའི་འཚོ་ལམ་ཀྱག་ཀྱོག་དེའི་སྟེང།
བགྲེ་ལྡོག་ཡང་ཡང་རྒྱག་བཞིན།
པ་ཕའི་ལ་གླུ་ཕྲ་མོ་དེ་ལེན་གིན།
ཉི་ཟེར་དང་འདྲ་བའི་འདུན་པ་ཞིག་གིས།
མོན་ཡུལ་དུ་གྲགས་པའི་མོན་ཡུལ་དུ་ཆས།
སྟོན་ཆར་སིམ་སིམ་དུ་བབས་སྐད།
དེ་རིང་མོན་ཡུལ་སྐྱ་ཐེར་ཐེར།
བྱང་ལྷགས་འུར་འུར་དུ་ལྡང་སྐད།
མགུར་གླུའི་སིང་སྒྲ་སྐྱོ་ལྷང་ལྷང༌།
འདར་སིག་སིག་གི་གོམ་བགྲོས།
སྡོད་མི་ཚུགས་པའི་སེམས་པ།
མོན་ཡུལ་འདི་སུ་ཞིག་གི་ཆེད་དུ་དབུགས་རིང་འདི་ལྟར་འབྱིན།
         ༣
“ཕེབས་སོང།  ཚངས་དབྱངས་རྒྱ་མཚོ་མཆོག།
མགུར་གླུ་གྱེར་བཞིན་ཕེབས་སོང།
ཕེབས་སོང།  ཚངས་དབྱངས་རྒྱ་མཚོ་མཆོག།
མོན་ཡུལ་རྨི་ལམ་བསྣམས་ཏེ་ཕེབས་སོང།
གསན་དང།  བྱ་དེ་ཁྲུང་ཁྲུང་དཀར་མོ།
ཁྱེད་ལ་གཤོག་རྩལ་ཡོད་ན།
ཐག་རིང་མི་ཡུལ་གཞུང་དུ།
ཚངས་དབྱངས་མཇལ་བར་ཁྲིད་དང།”
མགོ་ཕྱེད་དཀར་པོར་སོང་བའི་མོན་ཡུལ་བགྲེས་སོང།
དཔྲལ་རིས་མཐུག་པོ་དག་བསྡུ་བཞིན།
གདངས་རིང་གི་སྐྱོ་གླུས།
མོན་ཡུལ་ཁྱོན་ལ་སྐྱི་ག་ཡའ་འབྱིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།