གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདོ་དབུས་ཁམས་གསུམ།

2012-05-20 17:06:00 གངས་ཞེན་རྡོ་བཀྲ།༼ནག་ཆུ༽ ཀློག་གྲངས། མཆན ཡོད།


དབུས་གཙང་བ
གཞན་ཕན་གྱི་ལྷག་བསམ་ཁོག་ན་རུམ་ཞིང་
སྙིང་དབུས་ཀྱི་ཤམ་བྷ་ལ་དེ་འཚོལ་ཆེད་
ཇོ་བོ་རིན་པོ་ཆེ་ལ་སྙིང་གཏམ་ཤོད་བཞིན་
བར་བསྐོར་ལ་འཁོར་ནས་མི་ཚེ་རྒས་རུང་
རྒྱང་རིང་གི་རྨི་ལམ་དེ་ཅི་འདྲའི་ཐག་རིང་ཨང་
ཨ་མདོ་བ
མི་ཕོའི་ཁོག་ལྟར་ཡངས་པའི་རྩ་ཐང་སྟེང་
ཡོད་ཚད་ཤེས་འདོད་པའི་སེམས་པ་ཁྱུ་ཞིག་
ཤེས་རིག་གི་རྩྭ་ཆུ་ལོངས་སུ་སྤྱད་ཏེ་
མི་ཡུལ་འདི་སྐྱབས་འདོད་རུང་
དོན་དངོས་དང་རེ་བའི་ཞིང་ཁམས་ངོ་མ་ཐག་རིང་སོང་
ཁམས་པ
བློ་སྟོབས་ཀྱི་ཁྱོན་ཕ་མཐའ་ཡས་ལ་
སྙིང་སྟོབས་ཀྱི་མེ་ལྕེ་དགུང་ལ་མཆེད་དེ་
གནའ་བོའི་སྒྲུང་གཏམ་ཞིག་ལ་ཞེན་ཆགས་བཞིན་
ས་ཆེན་པོ་རང་ལུས་ཀྱིས་འཇལ་ཡང་
ཐག་རིང་གི་ཕ་ས་ད་དུང་ཐག་རིང་བ་
                            

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།