གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་གཅིག་པུ་ཡིན་དུས།

2012-05-17 12:10:00 འཆིང་གྲོལ། ཀློག་གྲངས། མཆན ཡོད།


ཕྱི་ཐུམ་ནང་ཐུམ་གྱི་རིམ་པ་རེ་རེ་བཤུས་ནས།
ཤ་སྐྱི་དང་རུས་པ་ཡང་སོ་སོར་ཕྲལ་དུས།
ངས་ད་བཟོད་རང་ཉིད་མཐོང་བྱུང་།
ལྷན་སྐྱེས་ཀྱི་དགའ་སྐྱོ་ཆགས་སྡང་དང་།
ཀུན་བཏགས་ཀྱི་གྲུབ་མཐའ་རིང་མོ་དེ་ཡང་།
འཇའ་ཚོན་བཞིན་ཡལ་སོང་།
དེ་དག་གི་ཤུལ་དུ།
ངས་རང་ཉིད་ནི་རྨི་ལམ་ནང་གི་མེ་ཏོག་ཁྲ་བོ་དེ་དང་འདྲ་བར།
ཁ་མི་གྲགས་པའི་མགྲོན་པོ་དག་གིས།
ཐ་མག་བཞིན་རྔུབ་སྟེ་ཚར་ལ་ཉེ་བ་མཐོང་བྱུང་།
          2012/5/14
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།