གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསང་དུད་དང་རླུང་དར་གྱི་ཁྲོད་ན།

2012-05-16 17:19:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


བསང་དུད་དང་རླུང་དར་གྱི་ཁྲོད་ན།
མི་རིགས་ཤིག་གི་ཆེས་གདོད་མའི་རིག་གནས་དེ་མངོན་ཡོང་ལ།
བསང་དུད་དང་རླུང་དར་གྱི་ཁྲོད་ན།
མི་རིགས་ཤིག་གིས་དོར་མི་ཕོད་པའི་གདོད་མའི་དད་པ་དེ་ཡང་མཚོན་འོང་།
བསང་དུད་དང་རླུང་དར་གྱི་ཁྲོད་ན།
དེ་བས་མི་རིགས་ཤིག་གིས་བླ་ན་མེད་པའི་དྲིན་གསོའི་བསམ་སྤྱོད་དེ་མངོན་ཡོང་་།
འོན་ཏེ་་་་དེ་རིང་་་་་་
བསང་དུད་དང་རླུང་དར་གྱི་ཁྲོད་ན།
རི་བོང་ཅལ་འདྲོགས་ཀྱི་འདུར་རྒྱུག་བཙན་ཞིང་།
ཆོས་དབྱིངས་བདེ་བ་ཆེན་པོ་སངས་རྒྱས་ཀྱི་ཡོན་ཏན་བག་ལ་ཞ།
བསང་དུད་དང་རླུང་དར་གྱི་ཁྲོད་ན།
མོ་པའི་རྫུན་ལུང་ལ། ཡིད་ཆེས་ཀྱི་མཇལ་དར་འབུལ་ཞིང་།
ལྷ་པའི་ཚུལ་འཆོས་ལ། མོས་གུས་ཀྱི་བརྐྱངས་ཕྱག་འཚལ་མཁན་རེ་གཉིས་མིན།
བསང་དུད་དང་རླུང་དར་གྱི་ཁྲོད་ན།
དུས་རབས་༢༡གི་སྟག་ཤར་དང་སྨན་ཤར།
ཨ་མའི་ཐང་ཁུག་གི་རྩམ་པའི་བྲོ་བ་མི་རྙེད་པར།
ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་གསར་མ་ཞིག་འཁྲབ་ཀྱིན་བསྡད་ཡོད།
བསང་དུད་དང་རླུང་དར་གྱི་ཁྲོད་ན།
ལྗོངས་རྒྱུ་བའི་པར་ལེན་འཕྲུལ་ཆས་ལ་གསོན་ཤུགས་རྒྱས་ཤིང་།
ཁ་བའི་རི་སུལ་འདི་ཡང་ཡ་མཚན་གྱི་གནས་ས་ཞིག་ཏུ་འགྱུར་འགོ་ཚུགས།
བསང་དུད་དང་རླུང་དར་གྱི་ཁྲོད་ན།
མི་རིགས་ཤིག་གི་རྣམ་ཤེས་ཡོད་ངེས་ལ།
མི་རིགས་ཤིག་གི་དུར་ས་ཡང་དེ་ན་ཡོད་ངེས།
གང་ལྟར།
བསང་དུད་དང་རླུང་དར་གྱི་ཁྲོད་ན།
ལྷ་འདྲེ་མི་གསུམ་གྱི་གཏམ་རྒྱུད་དེ་རིང་བས།
བསམས་གཞིག་གི་ཁུར་པོ་གྲངས་མེད་ཅིག་་་་་་་་་་་་་་་
         ༢༠༡༢ལོའི་ཟླ་༣ཚེས༡༧ཉིན་ཤོ་ཤར་ཚེ་རིང་རྒྱལ་པོས།རང་མལ་དུ་བྲིས་་་་་་་་་་

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།