སུན་སྣང་།


སྙིང་དམར་པོ    ཁོག་པ་དྲི་ངན
གློ      མཆིན་པ     མཁལ་མ
སྒལ་ཚིགས       སྐེ་ཚིགས
ད་དུང་དབང་ཤེས      རྣམ་ཤེས་སོགས
ང་ཁྱེད་ཅག་ལ་དམ་དུ་འབྲེལ་ཡོད     ངས་ཤེས་ཡོད

ངས་ཡིད་ལ་ལྟོ་བ་ཤར་ཡོང་དུས
ཟ་མ་རང་ཁྱིམ་ནས་བཟོ་བར་གྲ་སྒྲིག་བྱས་ཟིན
ཡིན་ཡང       ང་རྒྱ་སྲིང་དུ་ཟ་མ་ཟ་རུ་ཕྱིན་འགྲོ
ནམ་རྒྱུན      དེ་ལྟར་ཕྱིན་འགྲོ

དགའ     སྐྱོ     སྡུག      ན      འདི་དག་ཚང་མ
ཁ་ཟས་ཤིག་ཡིན་རྒྱུ་ན
ངས་སྔ་མོ་ནས་འཁྱུར་མིད་རྒྱབ་ཟིན
 
འོན་ཏེ       དེ་དག་དངོས་ནས་ཁ་ཟས་ཤིག་ཡིན་རྒྱུ་ན
ཉིན་གཅིག་ལ      ཇ་ཁ་དགུ་བྱས་ནས་ཟ་དགོས་པའི
ཁ་ཟས་ཤིག་ཡིན་སྲིད      ཟ་མི་འདོད་ཀྱང
མ་ཟས་ན་མི་ཆོག་པའི
ཟས་ཚར་རྒྱུ་མེད་པའི་ཁ་ཟས་ཤིག་ཡིན་སྲིད་་་
      ༢༠༡༢.༠༣.༢༡མཚན་མོར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སུན་སྣང་།

2012-05-14 མང་རའི་རབ་ཆུང་། ཀློག་གྲངས། མཆན ཡོད།


སྙིང་དམར་པོ    ཁོག་པ་དྲི་ངན
གློ      མཆིན་པ     མཁལ་མ
སྒལ་ཚིགས       སྐེ་ཚིགས
ད་དུང་དབང་ཤེས      རྣམ་ཤེས་སོགས
ང་ཁྱེད་ཅག་ལ་དམ་དུ་འབྲེལ་ཡོད     ངས་ཤེས་ཡོད

ངས་ཡིད་ལ་ལྟོ་བ་ཤར་ཡོང་དུས
ཟ་མ་རང་ཁྱིམ་ནས་བཟོ་བར་གྲ་སྒྲིག་བྱས་ཟིན
ཡིན་ཡང       ང་རྒྱ་སྲིང་དུ་ཟ་མ་ཟ་རུ་ཕྱིན་འགྲོ
ནམ་རྒྱུན      དེ་ལྟར་ཕྱིན་འགྲོ

དགའ     སྐྱོ     སྡུག      ན      འདི་དག་ཚང་མ
ཁ་ཟས་ཤིག་ཡིན་རྒྱུ་ན
ངས་སྔ་མོ་ནས་འཁྱུར་མིད་རྒྱབ་ཟིན
 
འོན་ཏེ       དེ་དག་དངོས་ནས་ཁ་ཟས་ཤིག་ཡིན་རྒྱུ་ན
ཉིན་གཅིག་ལ      ཇ་ཁ་དགུ་བྱས་ནས་ཟ་དགོས་པའི
ཁ་ཟས་ཤིག་ཡིན་སྲིད      ཟ་མི་འདོད་ཀྱང
མ་ཟས་ན་མི་ཆོག་པའི
ཟས་ཚར་རྒྱུ་མེད་པའི་ཁ་ཟས་ཤིག་ཡིན་སྲིད་་་
      ༢༠༡༢.༠༣.༢༡མཚན་མོར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།