གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ།

2012-05-14 14:06:00 དཀར་དམར། ཀློག་གྲངས། མཆན ཡོད།

བུ་ཡི་ཕྱིར་དུ་སྐྱེས་ཤིང
བུ་ཡི་ཕྱིར་དུ་འཚོ་བ
ཨ་མའི་མི་ཚེའི་གོ་རིམ་ཡིན
ཨ་མའི་འཁོར་བའི་གོ་དོན་ཡིན
        ཁ་བྱང་གི་འགྲེལ།

 
ཨ་མ ཆེས་ཐོག་མའི་སྨྲ་བརྗོད་ལ་འཁྲུངས་པའི་སྒྲ་གདངས
ཨ་མ ཆེས་མཐའ་མའི་སྨྲ་ལྕེ་རུ་ལུས་པའི་མངར་ཟས
ཨ་མ ཚེ་སྲོག་གིས་ཚེ་སྲོག་ཀུན་ཡིད་ཆེས་བྱེད་དུ་བཅུག་པའི་ཐ་སྙད་ཞིག་སྟེ
ཨ་མ ཚེ་སྲོག་གིས་ཚེ་སྲོག་ཀུན་དང་དུ་ལེན་པར་ནུས་པའི་བདེན་དཔང་དུ་གྲུབ
བུ་ཡི་ཕྱིར་དུ རང་གི་གྲོད་ཁོག་གྲི་ཡིས་གཤགས་པའི་ཟིན་ཐོ་དེ་ཨ་མས་བྲིས་ཤིང
བུ་ཡི་ཕྱིར་དུ མིག་གི་ཆུ་བུར་བུ་ལ་སྤྱིན་པའི་གཏམ་རྒྱུད་དེའང་ཨ་མས་སྐྲུན
 
ཨ་མ རླབས་ཆེ་བའི་སེམས་དཔའ་ཆེན་མོ
ཨ་མ བདག་དོར་བའི་སྙིང་རྗེའི་བྱེད་པོ
ཨ་མ ཡིད་གདུང་བའི་དྲན་པའི་མིག་ཆུ
ཨ་མ ཁྱེད་ཀྱི་ཕྱིར་དུ
ངས་ཁྱེད་ལ་ཞབས་ཞུ་ཅི་ཞིག་སྒྲུབ་མྱོང
ཨ་མ ཁྱེད་ཀྱི་ཆེད་དུ
ངས་ཁྱེད་ལ་ཞབས་འདེགས་གང་ཞིག་ཞུས་མྱོང
ཨ་མ་ལེགས ངས་ཁྱེད་ཀྱི་སྙིང་རྗེའི་བརླན་དང་མ་བྲལ་བའི་
སེམས་ཁ་རུ་སེམས་ཚགས་བརྩེགས་མྱོང་བ་ལས
ཨ་མ་ལེགས ངས་ཁྱེད་ཀྱིས་བྱམས་པའི་རྩི་དང་མ་གྱེས་པའི་
སྤྱན་ལམ་དུ་གོད་ཆག་སྤུངས་མྱོང་བ་ལས
ངས་ཁྱེད་ལ་ངེས་དོན་གྱི་བཀའ་དྲིན་ཅི་ཡང་འཇལ་མ་ནུས
ངས་ཁྱེད་ལ་དོན་དམ་གྱི་བདེན་དོན་གང་ཡང་འཆད་མ་མྱོང
ཡིན་ནའང ཨ་མ་ལེགས
དེ་རིང་ཨ་མའི་དུས་ཆེན་ལ
ངས་ཁྱེད་ལ་རྟེན་འབྲེལ་གྱི་ཚུལ་དུ
ངས་ཁྱེད་ཀྱི་བཀའ་དྲིན་གྱི་ཆེད་དུ
ངས་ཁྱེད་ཀྱི་ལྷག་བསམ་གྱི་ཕྱིར་དུ
འགྱོད་པའི་གདུང་བའི་སྙིང་ཁོང་འདི་ཕྱི་རུ་སློག་ནས
བཀའ་དྲིན་དྲན་པའི་སེམས་རྒྱུད་འདི་ཡི་གེར་ཕབ་ནས
འགྱོད་བཤགས་དང་མཉམ་དུ དྲན་གདུང་དང་ལྷན་དུ
ཨ་མ་ཁྱེད་ལ་ཕུལ་བར་རངས
ཨ་མ་ཁྱེད་ལ་ཞུ་བར་མོས
ཨ་མའི་སྨོན་འདུན་དང་གསོལ་འདེབས
ཨ་མའི་རྨི་ལམ་དང་རེ་སྙེགས
ཇི་བཞིན་འགྲུབ་པའི་ཆེད་དུ
ངས་ཨ་མའི་རྟོགས་བརྗོད་དབྱངས་སུ་གྱེར
ངས་ཨ་མའི་གཏམ་བརྒྱུད་རྟག་ཏུ་གླེང
འཇིག་རྟེན་གྱི་ཨ་མ་ཐམས་ཅད་ཀྱི་རྨི་ལམ་ནི་གཅིག་ཁོ་ན་སྟེ
བུ་ཡི་བྱ་བ་ལམ་འགྲོ་ཡོང་ན བུ་མོའི་བསམ་དོན་ཡིད་བཞིན་འགྲུབ་ན
དེ་བས ཁྲེལ་མེད་ཀྱི་བུ་ཆུང་རྣམས་པ
དེ་རིང་ཨ་མ་ཐེངས་གཅིག་དྲན་པར་གྱིས་དང
དེ་བས ཁྲེལ་ཡོད་ཀྱི་མིང་སྲིང་རྣམས་པ
དེ་རིང་ཨ་མ་ཐེངས་གཅིག་གླེང་བར་གྱིས་དང
རྒྱུ་མཚན་ནི ཁྱོད་ཀྱི་མིག་མདུན་ན་ལྷག་པའི
མཁར་བར་རྟེན་པའི་རྒས་འཁོགས་དེ
ལོ་ཟླ་ཁོ་ནས་བསྐྱུར་བ་མིན་པར
དུས་ཚོད་གཅིག་པུས་དོར་བ་མིན་པར
བུ་ཡི་དོན་དུ་སེམས་ཤུགས་ཉམས་ཤིང
བུ་མོའི་དོན་དུ་ལུས་ཟུངས་རྒུད་པས་ཡིན
              ༢༠༡༢ ༥ ༡༣ཉིན།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།