གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་དྲོ་དེ་དྲན་འོང་དུས།

2012-05-12 10:42:00 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


ས་སྲོད་ལ་ཐག་རིང་མཐོང་ནའང
ལག་པས་སྙོབ་ཐབས་བྲལ་བའི་ས་གཞི
སྨུག་པས་བཏུམས་པ་དང་འདྲ་བར
ང་ཡི་རྨི་ལམ་ལས་བོར

ཕྲེང་ཐག་ཆད་པའི་ཕྱི་དྲོ
ཡུགས་ས་མ་ཞིག་དང་འདྲ་བར
ཁྲོམ་སྲང་གི་དགོད་སྒྲ་མ་ཐོས་ཤིང
ཆུང་མའི་བརྩེ་འཛུམ་མ་མཐོང
བུ་མོའི་རྩེད་དགོད་ཀྱང་བརྗེད

ལྷ་ས་ཞེས་པའི་གསེང་དུ་ཀེང་རུས་དང་རྣམ་ཤེས
ལྷམ་གོན་མེད་པའི་བུ་མོ་དག་བསྐུངས་ཡོད
པོ་ཏཱ་ལ་དང་དམར་པོའི་རིར
རྐང་རྗེས་རབ་རིབ་ཅན་གྱི་སྐྱེས་པ་ཚོ་ཡིབ་ཡོད
ཟླ་འོད་ལས་མཐོང་འོང་བའི་མི་དག
ཉི་འོད་ལ་ཞེན་འདང་གིས  རང་ཉིད་བཟི་བར་བྱེད

ཚོས་གཞི་དམར་པོ་ཅན་གྱི་ཁྱིམ་གཞིས
ཉི་འོད་ཀྱིས་མི་སྣང་བར་གཏང་བར་དོགས་ཏེ
ཚིག་གི་ཁེབས་མ་མཐུག་ཐག་ཆོད་རེ་བརྒྱབ་ནའང
དུས་ཀྱི་རླུང་བུ་རྩི་ཤིིང་རེ་རེའི་སྦུབས་སུ་སྦས

ཆུ་ཕྲན་གྱི་འུར་སྒྲས་རྨི་ལམ་དཀྲོགས་ཤིང
རྩྭ་ཕྲན་གྱི་སྐྱེ་སྟོབས་ཀྱིས་སྙིང་རུས་བསྩལ
རྨི་ལམ་མ་བཅོམ་བར་དུ
རེ་བ་མ་འགགས་བར་དུ
རང་དབང་གི་གཤོག་པ་མཁའ་ལ་བརྐྱང་ངེས
ཧུར་ཐག་གི་གོམ་ཁ་རི་བོར་ཐིམ
       ༢༠༡༢་ལོའི་ཟླ་༤པའི་ཚེས་༡༧དགོང་མོ་རང་མགྲོན་ཁང་དུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།