ཡང་ན། བར་ཐག

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-06


བུ་ཡུག་གི་རལ་གྲིའི་འཚུབ་མ་འཇགས་རྗེས
ཡང་ན  འདྲེ་ཡི་གྲིབ་མ་ལུས་དང་བྲལ་རྗེས
མཚན་མོ་ནི་ཁ་ཞག་འོག་གི་ཇ་སྡོང་ནག་པོ་དེ་ཡིན་ནམ
ཡང་ན  ཇ་སྡོང་ནག་པོ་དེ་ཁ་ཞག་གི་གྲུ་ཆུང་ཡིན
 
དཀར་ཡོལ་ནང་གི་འོ་ཇ་ཁོ་ན
ཇ་སྡོང་དང་ཐག་ཉེའམ  དཀར་ཡོལ་དང་ཐག་ཉེའམ
ཡང་ན  བར་ཐག་ཟེར་བ་ནི་དཀར་ཡོལ་གྱི་ཕྱི་ཡི་
རི་མོ་དང་ནང་གི་འོ་ཇ་ཡིན
ཡང་ན  མཚན་མོས་བར་ཐག་གཞན་ཞིག་ཕྱེ
 
རྣམ་ཤེས་ཀྱི་སྐར་མདའ་ཡུལ་ཞིག་ནས་ཡུལ་གཞན་
ཞིག་ཏུ་མཆེད་རྗེས
ཡང་ན  སྐྱེ་བ་གཞུག་མའི་རྟེན་དུ་ཞུགས་རྗེས
བར་ཐག་ནི་སྐྱེ་བ་སྔ་ཕྱིའི་སྨོན་ལམ་གྱི་ཟམ་ཆུང་
དེ་ཡིན་ནམ  ཡང་ན
ཟམ་པ་ནི་ཆུ་ཡི་ཉི་གདུགས་ཡིན
 
ཟམ་འོག་གི་བར་སྣང་སྟོང་བ་དེ
ཆུ་དང་འདྲེས་ཡོད་དམ  རྡོ་ལ་འཁྱིལ་ཡོད་དམ
ཡང་ན  ཟམ་དང་རྡོ་ལ་ཆུ་ཡི་བར་ཐག་དེ་མི་གྲུབ
 
ཇ་སྡོང་ནི་ཁ་ཞག་གི་གྲུ་ཆུང
ཟམ་པ་ནི་ཆུ་ཡི་ཉི་གདུགས
སྐྱེ་བ་སྔོན་མ་ནི་ཕྱི་མ་ཡི་ལག་རྟེན
         ༢༠༡༢.༠༥.༠༡

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡང་ན། བར་ཐག

2012-05-06 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།


བུ་ཡུག་གི་རལ་གྲིའི་འཚུབ་མ་འཇགས་རྗེས
ཡང་ན  འདྲེ་ཡི་གྲིབ་མ་ལུས་དང་བྲལ་རྗེས
མཚན་མོ་ནི་ཁ་ཞག་འོག་གི་ཇ་སྡོང་ནག་པོ་དེ་ཡིན་ནམ
ཡང་ན  ཇ་སྡོང་ནག་པོ་དེ་ཁ་ཞག་གི་གྲུ་ཆུང་ཡིན
 
དཀར་ཡོལ་ནང་གི་འོ་ཇ་ཁོ་ན
ཇ་སྡོང་དང་ཐག་ཉེའམ  དཀར་ཡོལ་དང་ཐག་ཉེའམ
ཡང་ན  བར་ཐག་ཟེར་བ་ནི་དཀར་ཡོལ་གྱི་ཕྱི་ཡི་
རི་མོ་དང་ནང་གི་འོ་ཇ་ཡིན
ཡང་ན  མཚན་མོས་བར་ཐག་གཞན་ཞིག་ཕྱེ
 
རྣམ་ཤེས་ཀྱི་སྐར་མདའ་ཡུལ་ཞིག་ནས་ཡུལ་གཞན་
ཞིག་ཏུ་མཆེད་རྗེས
ཡང་ན  སྐྱེ་བ་གཞུག་མའི་རྟེན་དུ་ཞུགས་རྗེས
བར་ཐག་ནི་སྐྱེ་བ་སྔ་ཕྱིའི་སྨོན་ལམ་གྱི་ཟམ་ཆུང་
དེ་ཡིན་ནམ  ཡང་ན
ཟམ་པ་ནི་ཆུ་ཡི་ཉི་གདུགས་ཡིན
 
ཟམ་འོག་གི་བར་སྣང་སྟོང་བ་དེ
ཆུ་དང་འདྲེས་ཡོད་དམ  རྡོ་ལ་འཁྱིལ་ཡོད་དམ
ཡང་ན  ཟམ་དང་རྡོ་ལ་ཆུ་ཡི་བར་ཐག་དེ་མི་གྲུབ
 
ཇ་སྡོང་ནི་ཁ་ཞག་གི་གྲུ་ཆུང
ཟམ་པ་ནི་ཆུ་ཡི་ཉི་གདུགས
སྐྱེ་བ་སྔོན་མ་ནི་ཕྱི་མ་ཡི་ལག་རྟེན
         ༢༠༡༢.༠༥.༠༡

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།