སྙན་ངག་མ་བྲིས་པར་ཡུན་རིང་འགོར་སོང་།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-04


དཔྱིད་མགོ་འདིར
སྙན་ངག་མ་བྲིས་པར་ཡུན་རིང་འགོར་སོང
སེམས་པ་སྟོང་སེང་ངེར       ལུས་པོ་ལྷོད་ཅིག་སེ
འབྲི་བསམ་དུས་འབྲི་རྒྱུ་མ་རྙེད་པར་ཡུན་རིང་འགོར་སོང
འདུག་བསམ་དུས་བྲིས་ན་འདོད་བཞིན་ཡུན་རིང་འགོར་སོང
རྨི་ལམ་ཞིག་ལ་འཐམ་ནས་ཡུན་རིང་འགོར་སོང
བུ་མོ་ཞིག་དྲན་བཞིན་ཡུན་རིང་འགོར་སོང
ཡུན་རིང་འགོར་སོང
དཔྱིད་མགོ་འདིར་སྙན་ངག་ལ་མ་འཁྱུད་པར་ཡུན་རིང་འགོར་སོང
 
དུས་ཚིགས་འདིར
སྙན་ངག་མ་གླེང་བར་ཡུན་རིང་འགོར་སོང
མཐའ་འཁོར་དལ་འཇགས་སེ     མིག་མདུན་སྟོང་ཅིག་སེ
གླེང་འདོད་དུས་གླེང་གྲོགས་མ་རྙེད་པར་ཡུན་རིང་འགོར་སོང
བྲིས་འདོད་དུས་སྨྱུག་ཁ་ས་ལ་མ་བཙུགས་པར་ཡུན་རིང་འགོར་སོང
ལས་གནས་ཤིག་ལ་སྙེག་བཞིན་ཡུན་རིང་འགོར་སོང
མ་འོངས་ཤིག་དྲན་བཞིན་ཡུན་རིང་འགོར་སོང
ཡུན་རིང་འགོར་སོང
དུས་ཚིགས་འདིར་ཁྱེད་ཚོ་དང་མ་མཇལ་བར་ཡུན་རིང་འགོར་སོང
 
དེ་རིང་འདིར
ཁོམ་པ་ཞིག་མ་བྱུང་བར་ཡུན་རིང་འགོར་སོང
ཡིད་སེམས་ལྗིད་ཏིག་སེ    ལུས་ངག་ཨ་ཐང་ཆད
གཉིད་བསམ་དུས་གཉིད་མ་ཁུགས་པར་ཡུན་རིང་འགོར་སོང
བཤད་བསམ་དུས་ཉན་མཁན་མ་རྙེད་པར་ཡུན་རིང་འགོར་སོང
དཔེ་ཆ་ཞིག་གི་ཁ་ཕྱེས་ཏེ་ཡུན་རིང་འགོར་སོང
སང་ཉིན་དང་སང་ཉིན་འདྲ་བ་དག་དྲན་བཞིན་འགོར་སོང
ཡུན་རིང་འགོར་སོང
དེ་རིང་འདིར་མང་བོ་ཞིག་མ་འགྲུབ་པར་ཡུན་རིང་འགོར་སོང
                                                              ༢༠༡༢  ༤ ༢༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་མ་བྲིས་པར་ཡུན་རིང་འགོར་སོང་།

2012-05-04 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


དཔྱིད་མགོ་འདིར
སྙན་ངག་མ་བྲིས་པར་ཡུན་རིང་འགོར་སོང
སེམས་པ་སྟོང་སེང་ངེར       ལུས་པོ་ལྷོད་ཅིག་སེ
འབྲི་བསམ་དུས་འབྲི་རྒྱུ་མ་རྙེད་པར་ཡུན་རིང་འགོར་སོང
འདུག་བསམ་དུས་བྲིས་ན་འདོད་བཞིན་ཡུན་རིང་འགོར་སོང
རྨི་ལམ་ཞིག་ལ་འཐམ་ནས་ཡུན་རིང་འགོར་སོང
བུ་མོ་ཞིག་དྲན་བཞིན་ཡུན་རིང་འགོར་སོང
ཡུན་རིང་འགོར་སོང
དཔྱིད་མགོ་འདིར་སྙན་ངག་ལ་མ་འཁྱུད་པར་ཡུན་རིང་འགོར་སོང
 
དུས་ཚིགས་འདིར
སྙན་ངག་མ་གླེང་བར་ཡུན་རིང་འགོར་སོང
མཐའ་འཁོར་དལ་འཇགས་སེ     མིག་མདུན་སྟོང་ཅིག་སེ
གླེང་འདོད་དུས་གླེང་གྲོགས་མ་རྙེད་པར་ཡུན་རིང་འགོར་སོང
བྲིས་འདོད་དུས་སྨྱུག་ཁ་ས་ལ་མ་བཙུགས་པར་ཡུན་རིང་འགོར་སོང
ལས་གནས་ཤིག་ལ་སྙེག་བཞིན་ཡུན་རིང་འགོར་སོང
མ་འོངས་ཤིག་དྲན་བཞིན་ཡུན་རིང་འགོར་སོང
ཡུན་རིང་འགོར་སོང
དུས་ཚིགས་འདིར་ཁྱེད་ཚོ་དང་མ་མཇལ་བར་ཡུན་རིང་འགོར་སོང
 
དེ་རིང་འདིར
ཁོམ་པ་ཞིག་མ་བྱུང་བར་ཡུན་རིང་འགོར་སོང
ཡིད་སེམས་ལྗིད་ཏིག་སེ    ལུས་ངག་ཨ་ཐང་ཆད
གཉིད་བསམ་དུས་གཉིད་མ་ཁུགས་པར་ཡུན་རིང་འགོར་སོང
བཤད་བསམ་དུས་ཉན་མཁན་མ་རྙེད་པར་ཡུན་རིང་འགོར་སོང
དཔེ་ཆ་ཞིག་གི་ཁ་ཕྱེས་ཏེ་ཡུན་རིང་འགོར་སོང
སང་ཉིན་དང་སང་ཉིན་འདྲ་བ་དག་དྲན་བཞིན་འགོར་སོང
ཡུན་རིང་འགོར་སོང
དེ་རིང་འདིར་མང་བོ་ཞིག་མ་འགྲུབ་པར་ཡུན་རིང་འགོར་སོང
                                                              ༢༠༡༢  ༤ ༢༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།