དཔྱིད་ཆར་དང་པོའི་མྱོང་བ།


དངོས་གྲུབ་ཀྱི་ཆར་བ།
ཤག་སེ་ཤག་སེ །
ཆར་ཐིགས་རེ་རེའི་ཟེགས་མའི་མེ་ཏོག་གཏོར།
མེ་ཏོག་དག་རྩྭ་ཕྲན་གྱི་གདོང་ན།
སྡོང་ལོ་ཡི་སྟེང་ན།
ཡང་ན་ཁྱོད་དང་བདག་གི་སེམས་ཁ་ན།

ཆར་བ་ཐེངས་གཅིག་པོ་འདིས།
ས་ཆེན་གྱི་སྒེའུ་ཁུང་ཕྱེས་བྱུང་།
སྣང་བའི་དྲོད་ཁོལ་གྱིས་བདག་གི་ལུས་ཕུང་དཀྲིས་ཡོང་།
ལུས་པོའི་སྤུ་ཉག་རེ་རེའི་རྩ་ན་རྒྱུ་བའི་ཟུངས་ཁྲག་ཡང་།
སྔ་ན་མེད་པའི་སྟོབས་ཤུགས་ཅིག་གིས་བཀྱགས་ཡོང་།

ཆར་བ་བབས་རྗེས་ཀྱི་སྟོང་ཁམས།
དག་གཙང་གི་མེ་ལོང་ཅིག་དང་འདྲ་གི
མེ་ལོང་དུ་ཅི་ཡང་ཡོད་གི
མེ་ལོང་དུ་ཅི་ཡང་མེད་གི
        ༢༠༡༢ལོའི་ཟླ༥པའི་ཚེས༣ཉིན་ཟི་ལིང་དུ།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱིད་ཆར་དང་པོའི་མྱོང་བ།

2012-05-04 ནམ་ལང་། ཀློག་གྲངས། མཆན ཡོད།


དངོས་གྲུབ་ཀྱི་ཆར་བ།
ཤག་སེ་ཤག་སེ །
ཆར་ཐིགས་རེ་རེའི་ཟེགས་མའི་མེ་ཏོག་གཏོར།
མེ་ཏོག་དག་རྩྭ་ཕྲན་གྱི་གདོང་ན།
སྡོང་ལོ་ཡི་སྟེང་ན།
ཡང་ན་ཁྱོད་དང་བདག་གི་སེམས་ཁ་ན།

ཆར་བ་ཐེངས་གཅིག་པོ་འདིས།
ས་ཆེན་གྱི་སྒེའུ་ཁུང་ཕྱེས་བྱུང་།
སྣང་བའི་དྲོད་ཁོལ་གྱིས་བདག་གི་ལུས་ཕུང་དཀྲིས་ཡོང་།
ལུས་པོའི་སྤུ་ཉག་རེ་རེའི་རྩ་ན་རྒྱུ་བའི་ཟུངས་ཁྲག་ཡང་།
སྔ་ན་མེད་པའི་སྟོབས་ཤུགས་ཅིག་གིས་བཀྱགས་ཡོང་།

ཆར་བ་བབས་རྗེས་ཀྱི་སྟོང་ཁམས།
དག་གཙང་གི་མེ་ལོང་ཅིག་དང་འདྲ་གི
མེ་ལོང་དུ་ཅི་ཡང་ཡོད་གི
མེ་ལོང་དུ་ཅི་ཡང་མེད་གི
        ༢༠༡༢ལོའི་ཟླ༥པའི་ཚེས༣ཉིན་ཟི་ལིང་དུ།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།