ར་ན་བཏགས་རྣ་ན་རོ་རྣོའི་སྙན་ངག་ཐུན་གསུམ།

      ལྷིང་འཇགས་ལ་ཞེད་ཚུལ།
འ་འུར་མེད་པའི་ལྷིང་འཇགས་ལ་ང་རང་ཞེད་ཀྱིན་འདུག
ལྷིང་འཇགས་ཀྱི་མུན་ལམ་ལ་ང་རང་དེ་ལས་ཞེད་པར་གྱུར
 
མི་མེད་ལུང་སྟོང་གི་ལྷིང་འཇགས་ལ་ང་རང་ཞེད་ཀྱིན་འདུག
ལྷིང་འཇགས་ཀྱིས་སྐྱོད་པའི་མི་ཚོགས་ལ་ང་རང་དེ་ལས་ཞེད་པར་གྱུར
                    ༢༠༡༢  ༤  ༢༨
 

     སྨུག་པ་དང་སེམས་ཀྱི་ལེའུ།
སྨུག་པ་རི་ཞོགས་ལུང་ཞོགས་རེད
སེམས་པ་ལ་ཤོར་ལུང་ཤོར
 
སེམས་པས་འཆི་བ་མཐར་ཐུག་ཏུ་སྒོམ
སྨུག་པས་འཆི་བའི་ཚིག་འབྲུ་ཐོས་མྱོང་མེད
              ༢༠༡༢  ༢  ༤
 
   དཔྱིད་ཀའི་སེམས་པ།
དགུན་ཁའི་མཇུག་ཏུ་དཔྱིད་ཀ་ཡོད་པ་ཇི་བཞིན
དཔྱིད་ཀའི་དུས་སུ་རི་བོ་བསྒྱིལ་བར་ནུས་པའི་ལྗང་མྱུག་ཤིན་ཏུ་མང
 
མེ་ཏོག་གི་མཉེན་འདབ་ཀྱིས་རལ་གྲིའི་དངོ་བྲི་བར་བྱས
 
དཔྱིད་ཀ་ཐོན་ཚེ  མེ་ཏོག་ལ་ཟིལ་ཆུ་ཡོད
འདབ་ལོ་ལ་མཉེན་ལྕུག་དང་ཧམ་པ་ཡོད
                         ༢༠༡༢  ༤  ༡
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ར་ན་བཏགས་རྣ་ན་རོ་རྣོའི་སྙན་ངག་ཐུན་གསུམ།

2012-05-03 རྣོ། ཀློག་གྲངས། མཆན ཡོད།

      ལྷིང་འཇགས་ལ་ཞེད་ཚུལ།
འ་འུར་མེད་པའི་ལྷིང་འཇགས་ལ་ང་རང་ཞེད་ཀྱིན་འདུག
ལྷིང་འཇགས་ཀྱི་མུན་ལམ་ལ་ང་རང་དེ་ལས་ཞེད་པར་གྱུར
 
མི་མེད་ལུང་སྟོང་གི་ལྷིང་འཇགས་ལ་ང་རང་ཞེད་ཀྱིན་འདུག
ལྷིང་འཇགས་ཀྱིས་སྐྱོད་པའི་མི་ཚོགས་ལ་ང་རང་དེ་ལས་ཞེད་པར་གྱུར
                    ༢༠༡༢  ༤  ༢༨
 

     སྨུག་པ་དང་སེམས་ཀྱི་ལེའུ།
སྨུག་པ་རི་ཞོགས་ལུང་ཞོགས་རེད
སེམས་པ་ལ་ཤོར་ལུང་ཤོར
 
སེམས་པས་འཆི་བ་མཐར་ཐུག་ཏུ་སྒོམ
སྨུག་པས་འཆི་བའི་ཚིག་འབྲུ་ཐོས་མྱོང་མེད
              ༢༠༡༢  ༢  ༤
 
   དཔྱིད་ཀའི་སེམས་པ།
དགུན་ཁའི་མཇུག་ཏུ་དཔྱིད་ཀ་ཡོད་པ་ཇི་བཞིན
དཔྱིད་ཀའི་དུས་སུ་རི་བོ་བསྒྱིལ་བར་ནུས་པའི་ལྗང་མྱུག་ཤིན་ཏུ་མང
 
མེ་ཏོག་གི་མཉེན་འདབ་ཀྱིས་རལ་གྲིའི་དངོ་བྲི་བར་བྱས
 
དཔྱིད་ཀ་ཐོན་ཚེ  མེ་ཏོག་ལ་ཟིལ་ཆུ་ཡོད
འདབ་ལོ་ལ་མཉེན་ལྕུག་དང་ཧམ་པ་ཡོད
                         ༢༠༡༢  ༤  ༡
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།