ཐང་ཆད་པའི་ལོ་ཟླ་ལ་འཐབ་པའི་གོ་རིམ།

གཉའ་གོང་ལྷ་བྷེ།༼ཀླུ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-02


ཁ་བ་དལ་གྱིས་བབས་བྱུང
དེ་དུས  ངའི་བྱང་ཁོག་སྟོད་ལ
འཁྱག་འདར་ཞིག་རྒྱབ་བྱུང
དྲན་ཚུལ་ཞིག་ལ
ངའི་ལྕགས་ཐབ་ནང་གི་མེ་འཁྱག་སོང
སློབ་མ་ཚོས་གྲང་འདར་རྒྱག་གིན་ཡོད་དམ
ངས་དེ་དག་བསམ་བཞིན  གཉིད་འདོད་ཀྱང
མེ་ལྕེ་སྤར་མོ་གང་གི་འོད་སྣང་གིས
ང་གཉིད་དུ་མ་བཅུག

དཔྱིད་ཀ་སླེབས་བྱུང་ཞེས་པའི་སློབ་ཚན་དེ་ཁྲིད་དུས
ང་ཚོར་དཔྱིད་ཀ་སླེབས་མི་འདུག
མེ་ཏོག་འདེབས་འདོད་ཀྱི་སེམས་པ་དྲག་ཏུ་རྒོད་ནའང
སྐྱེས་མི་སྐྱེས་ལ་སེམས་ཁྲལ་ཧ་ཅང་ཆེ

དབྱར་གཞུང  ཕ་ཡུལ་ལ་འགྲོ་འདོད་སྐྱེས
གསེར་ཆེན་གསེར་ཆུང་ཁོག་ན
མེ་ཏོག་གསེར་ཆེན་བཞད་ཡོད་མེད་ལ
ང་བལྟ་རུ་འགྲོ་མ་ཐུབ

རླུང་བུ་གཡུག་བྱུང
ལོ་མ་སེར་པོ་རྣམས་རླུང་གིས་ཁུར་ཐལ
ཁུར་སོང་བའི་ཤུལ་ན
སྡོང་རྒན་དེ  ཁེར་རྐྱང་གིས་འགྲེང་བ་ཆོས་ཉིད་རེད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐང་ཆད་པའི་ལོ་ཟླ་ལ་འཐབ་པའི་གོ་རིམ།

2012-05-02 གཉའ་གོང་ལྷ་བྷེ།༼ཀླུ་ཆུ༽ ཀློག་གྲངས། མཆན ཡོད།


ཁ་བ་དལ་གྱིས་བབས་བྱུང
དེ་དུས  ངའི་བྱང་ཁོག་སྟོད་ལ
འཁྱག་འདར་ཞིག་རྒྱབ་བྱུང
དྲན་ཚུལ་ཞིག་ལ
ངའི་ལྕགས་ཐབ་ནང་གི་མེ་འཁྱག་སོང
སློབ་མ་ཚོས་གྲང་འདར་རྒྱག་གིན་ཡོད་དམ
ངས་དེ་དག་བསམ་བཞིན  གཉིད་འདོད་ཀྱང
མེ་ལྕེ་སྤར་མོ་གང་གི་འོད་སྣང་གིས
ང་གཉིད་དུ་མ་བཅུག

དཔྱིད་ཀ་སླེབས་བྱུང་ཞེས་པའི་སློབ་ཚན་དེ་ཁྲིད་དུས
ང་ཚོར་དཔྱིད་ཀ་སླེབས་མི་འདུག
མེ་ཏོག་འདེབས་འདོད་ཀྱི་སེམས་པ་དྲག་ཏུ་རྒོད་ནའང
སྐྱེས་མི་སྐྱེས་ལ་སེམས་ཁྲལ་ཧ་ཅང་ཆེ

དབྱར་གཞུང  ཕ་ཡུལ་ལ་འགྲོ་འདོད་སྐྱེས
གསེར་ཆེན་གསེར་ཆུང་ཁོག་ན
མེ་ཏོག་གསེར་ཆེན་བཞད་ཡོད་མེད་ལ
ང་བལྟ་རུ་འགྲོ་མ་ཐུབ

རླུང་བུ་གཡུག་བྱུང
ལོ་མ་སེར་པོ་རྣམས་རླུང་གིས་ཁུར་ཐལ
ཁུར་སོང་བའི་ཤུལ་ན
སྡོང་རྒན་དེ  ཁེར་རྐྱང་གིས་འགྲེང་བ་ཆོས་ཉིད་རེད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།