གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་ཐེད་པོ།

2012-05-02 10:59:00 ཐོག ཀློག་གྲངས། མཆན ཡོད།


སྔོན་ནས་འདྲིས་ཤིང་ལོབས་པའི་མུན་སྨག་དང་བསིལ་རླུང་དེ།
ད་ནི་གང་ཞིག་ཏུ་བུད་སོང་།     བུད་སོང་ངམ།
ཐ་ན་རྗེས་ཤུལ་ཕྲ་མོ་ཙམ་ཡང་རྙེད་ཐུབ་མི་འདུག
    
ཁ་ཁར་གྱུར་པའི་སེམས་པ་དང་རྡོ་བ་འདིའི་སྲུབས་ན།
སྐྲ་ལོ་ནག་པོ་ཞེས་པའི་སྨྲེང་སུན་འཁྱག་པོ་དེ་ཁོ་ན་འཛིངས་ནས་འདུག
 
བདག་གི་སྙིང་ཀར་འཛུམ་པའི་རྒྱང་རིང་གི་ཁྱོད་དྲན་དུས།
ངུ་འདོད་རུང་མིག་ཆུའི་ཐིགས་པ་གང་ཡང་བཞུར་རྒྱུ་མི་འདུག
ངའི་གམ་ཏུ་ཁྱོད་མེད་པའི་ལོ་ཟླ་ཧྲིལ་བོ་འདི།
རང་སེམས་གཏིང་ནས་སྡུག་པའི་བྲན་གཡོག་གི་མི་ཚེ་ཞིག
ཚད་འདས་བརྙས་བཅོས་བྱས་པའི་མནར་གཅོད་ཀྱི་གོ་རིམ་སྐྱུར་བོ་ཞིག
 
ལག་གཡས་ཐོད་ལ་འཕྱར་ཏེ་ཞིབ་ཏུ་བལྟས་ན།
མཚན་མོ་ནི་ཆེས་སྤྱིར་བཏང་ཆེས་ལྷིང་འཇགས་ཀྱི་ཡུལ་ལྗོངས་ཤིག་ཏུ་གྲུབ་ཀྱང་།
རང་ཉིད་གཅིག་པུས་ཁ་རོག་གེར་མིག་ཟུང་ཟུམ་དུས།
མཚན་མོ་ནི་རེག་ན་འཇམ་ལ།
ཉན་ན་སྙན་པའི་ལི་ཐོའི་ཤོག་ལྷེ་ལེབ་མོ་ཞིག
 
ད་ལྟ།     མཚན་མོ་ཐེད་འདུག
མིག་ཆུ་ཐེད་འདུག      རང་སེམས་ཀྱང་ཐེད་འདུག
ཁེར་ཧྲེང་གི་གོ་ལ་འདི་མཚན་མོས་ཁྱུར་མིད་གཏོང་ལ་ཉེ།
ལྷག་ཏུ་མཚན་མོ་ཐེད་པོ་འདིས།
               
                     སྤྱི་ལོ༢༠༡༢ལོའི་ཟླ༣པའི་ཚེས༢༩ཉིན་གྱི་ནམ་གུང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།