ཆེས་མཐའ་མའི་མི་ཡུལ་གྱི་དག་ཞིང་།

ངའི་ལྟེ་ཕྲག་གི་མྱུ་གུ་འཕོས་ཞིང་།
ཚེ་སྲོག་གི་དབྱངས་རྟ་མཆེད་སའི་ཕ་ས་ཕ་ཡུལ།
 
①ཧ་ཅང་ཆུང་བའི་དུས་སུ།
དེ་ནི་ཕྱེ་མ་ལེབ་གཅེར་བུར་འཕུར་རུང་།
འཁྱག་མི་སྲིད་པའི་དབྱར་གཞུང་གི་ཉི་འོད་ཅིག
 
ད་ལྟ་འགྱུར་གྱིན་པའི་ས་གཞིའི་ངོ་གདོང་དང་།
རི་རབ་ཀྱི་རྫིག་ཉམས།
བསྟོད་མི་ཟད་པའི་ཁ་བཏགས་ཀྱི་ཕེབས་བསུ་དང་།
མྱོང་མི་ཚར་བའི་ལྗོངས་རྒྱུ་བའི་བརྫུ་བག
ད་དུང་གཡོལ་མི་ཐུབ་པའི་དོང་ཙེ་ཡིས་བསླུ་བྲིད།
 
ས་ཆེན་གྱི་བྲང་ཁ་གཤགས་ཏེ་ཞིབ་འདང་ཞིག་བྱས་ན།
ངའི་བླ་རྐང་རུས་གསུམ་གྱི་ཕ་ས་ཕ་ཡུལ་འདིར།
དོན་དམ་པའི་ཅི་ཞིག་གིས་དངོས་གྲུབ་ལྷག་ཡོད་དམ།
 
འགྲུལ་བ་བུད་སོང་།
གད་སྙིགས་རླུང་གིས་འཁུར་ཡོང་།
རྫ་ཆུ་བསིལ་མ། མཚེའུ་དྭངས་མོ།
མུ་མེད་རྩྭ་ཐང་།
 
མི་ལོ་འགའ་ཤས་ཀྱི་རྗེས་སུ།
སྔར་བཞིན་འདི་འདྲའི་དྭངས་ཤིང་གཙང་ངམ།
ཡང་ན་མཛེས་ཤིང་སྡུག་གམ།
 
གནས་སྐབས་འདིར་ང་ལ་ལྷག་པ་ནི་ཐེ་ཚོམ་གྱི་དྲི་བ་ཁ་ཤས་དང་།
སྐྱོ་ལྷུང་ལྷུང་གི་སེམས་ཁམས་མོག་མོག་ཅིག
 
༢༠༡༢ལོའི་ཟླ་༧ཚེས་༢༨ཉིན་ཕ་ཡུལ་ལ་ལོག་པའི་ལམ་བར་དུ་ཚོར་སྣང་གློ་བུར་མ་ཞིག་གིས་སྦྱར་བའོ།།
① མདའ་བཙན་པོའི་ཚིག་གཡར་བ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེས་མཐའ་མའི་མི་ཡུལ་གྱི་དག་ཞིང་།

2012-08-23 སྨག་འཇོམས། ཀློག་གྲངས། མཆན ཡོད།

ངའི་ལྟེ་ཕྲག་གི་མྱུ་གུ་འཕོས་ཞིང་།
ཚེ་སྲོག་གི་དབྱངས་རྟ་མཆེད་སའི་ཕ་ས་ཕ་ཡུལ།
 
①ཧ་ཅང་ཆུང་བའི་དུས་སུ།
དེ་ནི་ཕྱེ་མ་ལེབ་གཅེར་བུར་འཕུར་རུང་།
འཁྱག་མི་སྲིད་པའི་དབྱར་གཞུང་གི་ཉི་འོད་ཅིག
 
ད་ལྟ་འགྱུར་གྱིན་པའི་ས་གཞིའི་ངོ་གདོང་དང་།
རི་རབ་ཀྱི་རྫིག་ཉམས།
བསྟོད་མི་ཟད་པའི་ཁ་བཏགས་ཀྱི་ཕེབས་བསུ་དང་།
མྱོང་མི་ཚར་བའི་ལྗོངས་རྒྱུ་བའི་བརྫུ་བག
ད་དུང་གཡོལ་མི་ཐུབ་པའི་དོང་ཙེ་ཡིས་བསླུ་བྲིད།
 
ས་ཆེན་གྱི་བྲང་ཁ་གཤགས་ཏེ་ཞིབ་འདང་ཞིག་བྱས་ན།
ངའི་བླ་རྐང་རུས་གསུམ་གྱི་ཕ་ས་ཕ་ཡུལ་འདིར།
དོན་དམ་པའི་ཅི་ཞིག་གིས་དངོས་གྲུབ་ལྷག་ཡོད་དམ།
 
འགྲུལ་བ་བུད་སོང་།
གད་སྙིགས་རླུང་གིས་འཁུར་ཡོང་།
རྫ་ཆུ་བསིལ་མ། མཚེའུ་དྭངས་མོ།
མུ་མེད་རྩྭ་ཐང་།
 
མི་ལོ་འགའ་ཤས་ཀྱི་རྗེས་སུ།
སྔར་བཞིན་འདི་འདྲའི་དྭངས་ཤིང་གཙང་ངམ།
ཡང་ན་མཛེས་ཤིང་སྡུག་གམ།
 
གནས་སྐབས་འདིར་ང་ལ་ལྷག་པ་ནི་ཐེ་ཚོམ་གྱི་དྲི་བ་ཁ་ཤས་དང་།
སྐྱོ་ལྷུང་ལྷུང་གི་སེམས་ཁམས་མོག་མོག་ཅིག
 
༢༠༡༢ལོའི་ཟླ་༧ཚེས་༢༨ཉིན་ཕ་ཡུལ་ལ་ལོག་པའི་ལམ་བར་དུ་ཚོར་སྣང་གློ་བུར་མ་ཞིག་གིས་སྦྱར་བའོ།།
① མདའ་བཙན་པོའི་ཚིག་གཡར་བ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།