ཁེར་རྐྱང་གི་སེམས་གཞས།


ངས     རྩྭ་ཐང་ཞིག་གི་འགྲམ་ཟུར་དུ
དཔུང་རྗེན་དང      རྐང་རྗེན་ངང
སྦྲ་གུར་དང་འབྲེལ་བའི་གླིང་བུ་འབུད་ཞོར
སྐྱ་རེངས་ནས་མཚན་མོ་བར་དུ    
འགྱུར་ཁུག་གིས་མཐུད་ཡོད

ད་དུང      སྐབས་དེར    
ལྐོག་གྱུར་དང་གབ་ཚིག་ཅིག་གི་བང་རིམ་བརྟོལ་སླད
ཡང་ན      ལས་སྐལ་ལ་འགྲེལ་ལུགས་གཞན་ཞིག་རྙེད་པར
ཐོབ་ཆོག་པ་མང་བོ་ཞིག་རླུང་ལ་བསྐུར་ཏེ
རྒྱབ་ཏུ་དོར་ཡོད
 
དེའི་ཕྱིར     ནམ་ཟླ་གང་མང་ཞིག
སེམས་གཞས་དང་ཁེར་རྐྱང་གིས་བསྐྱལ་དགོས་བྱུང
ཡིན་ནའང      དེ་ནི     
བསམ་ཤེས་ན      བདེ་སྐྱིད་ཅིག་དང      བག་ཕེབས་ཤིག་ཏུ་སེམས
            ༢༠༡༢--༧--༢༦
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་གི་སེམས་གཞས།

2012-08-06 གཉན་ཕྲུག ཀློག་གྲངས། མཆན ཡོད།


ངས     རྩྭ་ཐང་ཞིག་གི་འགྲམ་ཟུར་དུ
དཔུང་རྗེན་དང      རྐང་རྗེན་ངང
སྦྲ་གུར་དང་འབྲེལ་བའི་གླིང་བུ་འབུད་ཞོར
སྐྱ་རེངས་ནས་མཚན་མོ་བར་དུ    
འགྱུར་ཁུག་གིས་མཐུད་ཡོད

ད་དུང      སྐབས་དེར    
ལྐོག་གྱུར་དང་གབ་ཚིག་ཅིག་གི་བང་རིམ་བརྟོལ་སླད
ཡང་ན      ལས་སྐལ་ལ་འགྲེལ་ལུགས་གཞན་ཞིག་རྙེད་པར
ཐོབ་ཆོག་པ་མང་བོ་ཞིག་རླུང་ལ་བསྐུར་ཏེ
རྒྱབ་ཏུ་དོར་ཡོད
 
དེའི་ཕྱིར     ནམ་ཟླ་གང་མང་ཞིག
སེམས་གཞས་དང་ཁེར་རྐྱང་གིས་བསྐྱལ་དགོས་བྱུང
ཡིན་ནའང      དེ་ནི     
བསམ་ཤེས་ན      བདེ་སྐྱིད་ཅིག་དང      བག་ཕེབས་ཤིག་ཏུ་སེམས
            ༢༠༡༢--༧--༢༦
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།