རྡོག་མགོ་བཞག་ཚུལ།


མེ་ལོང་འཁྱིལ་གྱི་བྲང་གཞུང་ནས
རྒྱང་རིང་ལ་རྡོག་མགོ་འཇོག་སྐབས
སྨིན་མཚམས་ན་མ་སྨིན་པའི་ན་བུན་གྱི་གཤོག་པ་ལྗང་ཁུ
འུ་གཉིས་ཀྱིས་རྡོག་ཁྲེས་ནང་དམ་པོར་བཅངས་བ་སུ་ལ་གསང
 
སེལ་ཤུལ་ཆོས་གྲྭ་ནས་ལྡེབས་དངོས་ལ་འདྲི་རྟགས་རྒྱག་ཉིན
རྨི་ལམ་གྱི་གཤོག་པ་ལ་གས་ཆག་ཤོར་ཞིང
སྒེའུ་ཁུང་ལ་འབུ་སྦྲང་གིས་ནག་ཐིགས་འཕངས་ཀྱང
བསམ་གཞིག་གི་འཁོར་ལོའི་མགུལ་སྐྱོད་ཅུང་ཟད་དལ་བ་མ་ཤེས
 
སྨོན་ལམ་ལ་ཁ་ནས་རང་རང་གིས་བདམས་པའི་ལམ་ཁར་སྐྱོད་དུས
མདུན་ཐད་ན་བཞད་པའི་གླེ་བམ་དམར་བོ་དེས
ཁྱོད་ཀྱི་ཡོད་ཚད་ལ་ཁ་དོག་དམར་པོ་བྱུགས་འདུག་པས
འཇིག་རྟེན་གྱི་ཡོད་ཚད་དམར་པོ་རེད་ཅེས་ཁྱེད་ཀྱིས་ཟློ་ཡི་འདུག
 
འོན་ཀྱང་ང་དེ་ལས་ལྡོག་སྟེ  ཆང་ཕོར་ཁ་ན་སྐྱོམ་པའི་ཨ་རག་གི་བཟི་ཁ་ལྟ་བུའི
མཚོ་མོ་ལྗང་ཁུ་ལ་ཡོད་ཚད་ཕུལ་ཟིན
ད་ནི་བདག་གི་སེམས་ལྗོངས་ཁྱོད་ཡོད་སའི་ནམ་མཁའ་དང་འདྲ་བར་ཅི་འདྲའི་དྭངས
                                                         

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོག་མགོ་བཞག་ཚུལ།

2012-07-28 ཨ་ཚབ་འཇམ་དཔལ། ཀློག་གྲངས། མཆན ཡོད།


མེ་ལོང་འཁྱིལ་གྱི་བྲང་གཞུང་ནས
རྒྱང་རིང་ལ་རྡོག་མགོ་འཇོག་སྐབས
སྨིན་མཚམས་ན་མ་སྨིན་པའི་ན་བུན་གྱི་གཤོག་པ་ལྗང་ཁུ
འུ་གཉིས་ཀྱིས་རྡོག་ཁྲེས་ནང་དམ་པོར་བཅངས་བ་སུ་ལ་གསང
 
སེལ་ཤུལ་ཆོས་གྲྭ་ནས་ལྡེབས་དངོས་ལ་འདྲི་རྟགས་རྒྱག་ཉིན
རྨི་ལམ་གྱི་གཤོག་པ་ལ་གས་ཆག་ཤོར་ཞིང
སྒེའུ་ཁུང་ལ་འབུ་སྦྲང་གིས་ནག་ཐིགས་འཕངས་ཀྱང
བསམ་གཞིག་གི་འཁོར་ལོའི་མགུལ་སྐྱོད་ཅུང་ཟད་དལ་བ་མ་ཤེས
 
སྨོན་ལམ་ལ་ཁ་ནས་རང་རང་གིས་བདམས་པའི་ལམ་ཁར་སྐྱོད་དུས
མདུན་ཐད་ན་བཞད་པའི་གླེ་བམ་དམར་བོ་དེས
ཁྱོད་ཀྱི་ཡོད་ཚད་ལ་ཁ་དོག་དམར་པོ་བྱུགས་འདུག་པས
འཇིག་རྟེན་གྱི་ཡོད་ཚད་དམར་པོ་རེད་ཅེས་ཁྱེད་ཀྱིས་ཟློ་ཡི་འདུག
 
འོན་ཀྱང་ང་དེ་ལས་ལྡོག་སྟེ  ཆང་ཕོར་ཁ་ན་སྐྱོམ་པའི་ཨ་རག་གི་བཟི་ཁ་ལྟ་བུའི
མཚོ་མོ་ལྗང་ཁུ་ལ་ཡོད་ཚད་ཕུལ་ཟིན
ད་ནི་བདག་གི་སེམས་ལྗོངས་ཁྱོད་ཡོད་སའི་ནམ་མཁའ་དང་འདྲ་བར་ཅི་འདྲའི་དྭངས
                                                         

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།