གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱེད་ལ་འདི་ལྟར་བཤད་ངེས།

2012-07-27 11:39:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

        -ཕྱིར་རྟོག་གི་ལེའུ།
                                                   
ཁྱེད་ཉིད་ཐུགས་རྒྱལ་མ་བཞེངས
ངས་ཁྱེད་ལ་འདི་ལྟར་བཤད་ངེས
ང་འཆུགས་མེད   འདི་ནི་ང་ཡི་ལམ་ཡིན
ངའི་ཁྲག་གི་རྐང་རྗེས་ཡོད་པའི་ལམ་དེ་ཡིན་པས
ཁྱེད་ཀྱིས་བཀུར་བསྟི་མཛོད
 
ཁྱེད་ཉིད་ཐུགས་རྒྱལ་མ་བཞེངས
ངས་ཁྱེད་ལ་འདི་ལྟར་བཤད་ངེས
ང་འཆུགས་མེད    འདི་ནི་ང་ཡི་གཅེས་ནོར་ཡིན
ངའི་སྙིང་ན་སྒོམ་པའི་གཅེས་ནོར་དེ་ཡིན་པས
ཁྱེད་ཀྱིས་བརྩི་བཀུར་མཛོད
 
ཁྱེད་ཉིད་ཡིད་སེམས་མ་ཆད
ངས་ཁྱེད་ལ་འདི་ལྟར་བཤད་ངེས
ང་འཆུགས་མེད    འདི་ནི་ང་ཡི་གདེམ་ཀ་ཡིན
ངའི་བླ་སྲོག་ཞུགས་པའི་གདེམ་ཀ་དེ་ཡིན་པས
ཁྱེད་ཀྱིས་མཐོང་ཆེན་མཛོད
 
ཁྱེད་ཉིད་ཁོང་དགོད་མ་ལངས
ངས་ཁྱེད་ལ་འདི་ལྟར་བཤད
ང་འཆུགས་མེད   སུ་ཡང་འཆུགས་མེད
འཆུགས་པ་དང་ནོར་བ་ནི་ལྟོས་བཅོས་ཡིན་པས
ཁྱེད་ཀྱིས་བསམ་གཞིག་མཛོད
        ༢༠༡༢ ༦ ༧ དགོང་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།