གཟའ་མཇུག

གཟའ་མཇུག།
ངལ་བས་གཙེས་པའི་དགེ་སློབ་སྐུ་ངལ་གསོ་བའི་དུས་ཕྲན།།
ཚུལ་ལྡན་སློབ་མའི་ཀླད་ངལ་གསོ་བའི་དུས་ཕྲན།།
གཟའ་འཁོར་གཅིག་གི་སྦྱངས་འབྲས་ལེགས་སྒྲིག་བྱེད་པའི་དུས་སྐལ།།
གཙང་འཁྲུས་ལས་ལ་གཞོལ་བའི་དུས་ཡུན།།
དེ་འདྲའི་འབྲེལ་བ་ཚ་བ།།
 
གཟའ་མཇུག།
ཚུལ་མིན་སློབ་མར་བཅིངས་འགྲོལ་ཐོབ་པའི་ཉིན་མོ།།
ཡུན་ནས་སྒུག་པའི་གོ་སྐལ་ཞིག་དང་།།
བསམ་བསམ་པའི་སྟོང་མདང་མངོན་འགྱུར་ཡོ་ང་བའི་དུས་ཚིགས།།
སྐྱུར་རྩི་ཡིས་རྣམ་ཤེས་སྐྱ་མོས།།
ར་གཟི་ཡིས་ཟློས་གར་ཕྲ་མོས།།
གླིང་རྗེ་གེ་སར་གྱི་དཔལ་རྩལ་ཟླ་ལ་ཆས།།
སྐྱུར་རྩིའི་ངར་ཤུགས་ཆེས་ཆེར་རྒྱས་པའི།།
འཁྲུག་སློང་གི་དམག་དཔུང་།།
ཤེས་རིག་པད་མའི་དགའ་ཚལ་དུ་དྲངས་ནས།།
ཁྱེད་ཤི་ང་གསོན་གྱིས་ལས་ལ་འཁྲུག་བཞིན།།
མཛེས་སྡུག་གི་སློབ་གླིང་ནག་པོར་འགྱུར་བའི་མཚན་ནག།
 
གཟའ་མཇུག།
གཟའ་མཇུག་གི་མཚན་མོ་འདིར།།
སློབ་མ་བུ་མོའི་ངུ་ངག་གི་རོལ་མོ་ཡོད་ལ།།
ཁ་བ་བོད་པའི་ཞབས་འདྲེན་མའི་རང་གཟུགས་ཀྱང་བརྗེས་པར་མངོན།།
དྲིན་ཕ་མས་རྫོགས་པར་བསྐྱངས་པའི་ལང་ཚོའི་མེ་ཏོག།
སྐྱུར་རྩིའི་རྣམ་ཤེས་ཀྱི་ཚ་རླབས་འོག།
ཕོ་གསར་ཚོའི་བྲང་འོག་ཏུ་གནམ་ལྕགས་ཀྱིས་ཉིད་པོར་གཏོང་དུས།།
དམན་བུ་མོའི་རང་གཟུགས་འདི་དུས་མངོན།།
འགྱོད་སེམས་ཀྱི་རང་རྣམ་སྐྱུག་བྲོ་བ་དྲན་དུས།།
ཕྱིར་དྲན་གྱི་རྣམ་ཤེས་རྒན་མོ་ཡ་རེ་ང་།།
མཐོང་བཞིན་མཐོང་བཞིན་སྐྱོ་བ་སྐྱེས།།
ཨ་ཙི་གཟའ་མཇུག་གི་འཚོ་བ།།
ཁྱེད་དེ་འདྲའི་ཆ་མི་སྙོམས་པ་ཞིག།
རིན་ཐང་མི་སྙོམས་པ་ཞིག།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་མཇུག

2012-07-22 ཤངས་པ་བསྟན་དོན། ཀློག་གྲངས། མཆན ཡོད།

གཟའ་མཇུག།
ངལ་བས་གཙེས་པའི་དགེ་སློབ་སྐུ་ངལ་གསོ་བའི་དུས་ཕྲན།།
ཚུལ་ལྡན་སློབ་མའི་ཀླད་ངལ་གསོ་བའི་དུས་ཕྲན།།
གཟའ་འཁོར་གཅིག་གི་སྦྱངས་འབྲས་ལེགས་སྒྲིག་བྱེད་པའི་དུས་སྐལ།།
གཙང་འཁྲུས་ལས་ལ་གཞོལ་བའི་དུས་ཡུན།།
དེ་འདྲའི་འབྲེལ་བ་ཚ་བ།།
 
གཟའ་མཇུག།
ཚུལ་མིན་སློབ་མར་བཅིངས་འགྲོལ་ཐོབ་པའི་ཉིན་མོ།།
ཡུན་ནས་སྒུག་པའི་གོ་སྐལ་ཞིག་དང་།།
བསམ་བསམ་པའི་སྟོང་མདང་མངོན་འགྱུར་ཡོ་ང་བའི་དུས་ཚིགས།།
སྐྱུར་རྩི་ཡིས་རྣམ་ཤེས་སྐྱ་མོས།།
ར་གཟི་ཡིས་ཟློས་གར་ཕྲ་མོས།།
གླིང་རྗེ་གེ་སར་གྱི་དཔལ་རྩལ་ཟླ་ལ་ཆས།།
སྐྱུར་རྩིའི་ངར་ཤུགས་ཆེས་ཆེར་རྒྱས་པའི།།
འཁྲུག་སློང་གི་དམག་དཔུང་།།
ཤེས་རིག་པད་མའི་དགའ་ཚལ་དུ་དྲངས་ནས།།
ཁྱེད་ཤི་ང་གསོན་གྱིས་ལས་ལ་འཁྲུག་བཞིན།།
མཛེས་སྡུག་གི་སློབ་གླིང་ནག་པོར་འགྱུར་བའི་མཚན་ནག།
 
གཟའ་མཇུག།
གཟའ་མཇུག་གི་མཚན་མོ་འདིར།།
སློབ་མ་བུ་མོའི་ངུ་ངག་གི་རོལ་མོ་ཡོད་ལ།།
ཁ་བ་བོད་པའི་ཞབས་འདྲེན་མའི་རང་གཟུགས་ཀྱང་བརྗེས་པར་མངོན།།
དྲིན་ཕ་མས་རྫོགས་པར་བསྐྱངས་པའི་ལང་ཚོའི་མེ་ཏོག།
སྐྱུར་རྩིའི་རྣམ་ཤེས་ཀྱི་ཚ་རླབས་འོག།
ཕོ་གསར་ཚོའི་བྲང་འོག་ཏུ་གནམ་ལྕགས་ཀྱིས་ཉིད་པོར་གཏོང་དུས།།
དམན་བུ་མོའི་རང་གཟུགས་འདི་དུས་མངོན།།
འགྱོད་སེམས་ཀྱི་རང་རྣམ་སྐྱུག་བྲོ་བ་དྲན་དུས།།
ཕྱིར་དྲན་གྱི་རྣམ་ཤེས་རྒན་མོ་ཡ་རེ་ང་།།
མཐོང་བཞིན་མཐོང་བཞིན་སྐྱོ་བ་སྐྱེས།།
ཨ་ཙི་གཟའ་མཇུག་གི་འཚོ་བ།།
ཁྱེད་དེ་འདྲའི་ཆ་མི་སྙོམས་པ་ཞིག།
རིན་ཐང་མི་སྙོམས་པ་ཞིག།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།