ཁབ།


རྣོ་ལྕགས་ཀྱིས་གྲུབ་པའི་དངོས་པོ་ཆུང་ཆུང
མིག་གིས་མི་ཟིན་པའི་གཟུགས་དབྱིབས་ཕྲ་མོ
སྐད་ཅིག་སྐད་ཅིག་ལ
སྙིང་གསེང་དུ་འཛུལ་ཡོང་བ
རྒྱུ་མཚན་གང་ཞིག་གི་ཕྱིར་དུ
 
དེ་རིང་ཡང་ཚ་རླབས་འཕྱུར་བྱང
སྣང་བ་རབ་རིབ    སེམས་པ་འཚབ་ཚུབ
མག་མོག་ཏུ་གྱུར་བའི་མིག་མདུན་ན
དངོས་གནས་ཁྱེད་མེད་པས
སྙིང་ལ་ཙག་ཤད་ཅིག་གིས་བསྣུན་ཡོང
                                      
བསམ་གྱིན་བསམ་གྱིན་གཞི་ནས་ན་ཟུག་གིས་གཙེས་ཡོང
དྲན་པ་ཐར་ཐོར་དུ་གྱུར་བའི་ཧྲག་བར་ནས
 ཨ་རག་གི་བཟི་ཁར་སྐྱོམ་པའང
དྲན་གདུང་གིས་བསླངས་པའི་ན་ཟུག་ཁོ་ན
མ་གཞི       ཁྱེད་མེད་པས                      
རྣོ་ལྕགས་ཕྲ་མོས་སྙིང་ལ་གཙགས་པ་ཐེངས་གཅིག་ག་ལ་ཡིན
 
                                                                                                           ༢༠༡༢  ཟླ  ༥   ཚེས  ༡༥  ལ །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁབ།

2012-07-22 འབའ་སྨྱུག་ཞེན། ཀློག་གྲངས། མཆན ཡོད།


རྣོ་ལྕགས་ཀྱིས་གྲུབ་པའི་དངོས་པོ་ཆུང་ཆུང
མིག་གིས་མི་ཟིན་པའི་གཟུགས་དབྱིབས་ཕྲ་མོ
སྐད་ཅིག་སྐད་ཅིག་ལ
སྙིང་གསེང་དུ་འཛུལ་ཡོང་བ
རྒྱུ་མཚན་གང་ཞིག་གི་ཕྱིར་དུ
 
དེ་རིང་ཡང་ཚ་རླབས་འཕྱུར་བྱང
སྣང་བ་རབ་རིབ    སེམས་པ་འཚབ་ཚུབ
མག་མོག་ཏུ་གྱུར་བའི་མིག་མདུན་ན
དངོས་གནས་ཁྱེད་མེད་པས
སྙིང་ལ་ཙག་ཤད་ཅིག་གིས་བསྣུན་ཡོང
                                      
བསམ་གྱིན་བསམ་གྱིན་གཞི་ནས་ན་ཟུག་གིས་གཙེས་ཡོང
དྲན་པ་ཐར་ཐོར་དུ་གྱུར་བའི་ཧྲག་བར་ནས
 ཨ་རག་གི་བཟི་ཁར་སྐྱོམ་པའང
དྲན་གདུང་གིས་བསླངས་པའི་ན་ཟུག་ཁོ་ན
མ་གཞི       ཁྱེད་མེད་པས                      
རྣོ་ལྕགས་ཕྲ་མོས་སྙིང་ལ་གཙགས་པ་ཐེངས་གཅིག་ག་ལ་ཡིན
 
                                                                                                           ༢༠༡༢  ཟླ  ༥   ཚེས  ༡༥  ལ །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།