སྡེ་ཆེན་གྲོང་གི་ལ་གཞས།


སྨུག་ལང་ལོང་གི་མུན་པ་ལ་ལག་པས་སྙབས
ཡུན་རིང་ལ་འཇིག་རྟེན་གྱི་བདེ་དགའ་དེ་ནི
སྣ་ཚོགས་དབྱིངས་སུ་དག་པའི་ལོ་མའི་འབྲས་བུ་ཙམ
 
སྡེ་ཆེན་པོའི་ཁ་རུ་བརྒྱུད་དུས
ལ་གཞས་ནི་སྡུག་བསྔལ་གྱི་ཕུང་པོ་ཞིག་སྟེ
མ་བཀླགས་ཚད་མེད་དུ་གནས་པའི་དག་ཡིག་གསར་བསྒྲིགས་སོ
 
སུས་ཀྱང་མི་གོ་བའི་སྐད་བརྡ་ཞིག་འཚོལ་དུ་མེད
བཙལ་ཡང་ཁྱོན་ནས་རྙེད་དུ་མེད་པས
བརྩེ་དུང་ལ་ཡིད་ཐང་ཆད་ནས་ཡུན་རིང་འགོར
ཡིན་ན་ཡང   འབྲོག་ཐང་གི་བུ་མོ་ཁྱོད་ནི
ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་བདག་གི་འབྲུག་མོ་ཡིན
 
 
སྙན་ངག་ཅིག་བྲིས་ནས་ངག་ལ་གྱེར་ཀྱང
དེ་ནི་བོང་བུའི་རྣ་བར་ཆོས་སྒྲ་རེད
ཡིག་འབྲུ་རྡོག་གཅིག་གི་དྲན་རྟེན་མེད་པར་ང་འགྲོ་རན་དུས
ཁ་པར་ནས་དགའ་དུང་གི་ཚིག་ཁ་གཅིག་་རྒྱ་ཡིག་གིས་བསྐུར་ཡོང
 
འབྲོག་མོ་ཞིག་སྟེ   འབྲི་མོ་དང་མཉམ་དུ་ནར་སོན་པའི་ཁྱོད
འབྲོག་མོ་ཞིག་སྟེ    གཡང་དཀར་ལུག་གི་འབའ་སྒྲ་ཆགས་པའི་ཁྱོད
སྐྱེ་བ་ནས་སྐྱེ་བར་བདག་གི་ཆུང་མ་རུ་གྱུར་ནས་བསམ
 
རྒན་པོ་ཚོའི་གཉེན་གྱི་སྐྱ་ཡ་མཐོ་དགོས་ཟེར
ད་དུང་གླ་ཕོགས་ཟ་མ་མཁན་ཞིག་ཡིན་ན་དེ་བས་དགའ་ཟེར
 
ང་ལ་ཐབས་བཀོད་ཅི་ཡང་མི་འདུག་པས
སྙན་ངག་ཅིག་བྲིས་ཏེ་ཁྱོད་ལ་བསྐུར་ན་འདོད་ཀྱང
ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་ཁྱོད་ཀྱིས
ཤོག་སྐྱ་སྟོང་བ་ཞིག་གིས་ཅི་བྱེད་དེ     ཧ་གོ་ནི་མ་རེད
                    ༢༠༡༢   ༦ པར་ལན་དྲུག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡེ་ཆེན་གྲོང་གི་ལ་གཞས།

2012-07-17 རྡེའུ་དཀར། ཀློག་གྲངས། མཆན ཡོད།


སྨུག་ལང་ལོང་གི་མུན་པ་ལ་ལག་པས་སྙབས
ཡུན་རིང་ལ་འཇིག་རྟེན་གྱི་བདེ་དགའ་དེ་ནི
སྣ་ཚོགས་དབྱིངས་སུ་དག་པའི་ལོ་མའི་འབྲས་བུ་ཙམ
 
སྡེ་ཆེན་པོའི་ཁ་རུ་བརྒྱུད་དུས
ལ་གཞས་ནི་སྡུག་བསྔལ་གྱི་ཕུང་པོ་ཞིག་སྟེ
མ་བཀླགས་ཚད་མེད་དུ་གནས་པའི་དག་ཡིག་གསར་བསྒྲིགས་སོ
 
སུས་ཀྱང་མི་གོ་བའི་སྐད་བརྡ་ཞིག་འཚོལ་དུ་མེད
བཙལ་ཡང་ཁྱོན་ནས་རྙེད་དུ་མེད་པས
བརྩེ་དུང་ལ་ཡིད་ཐང་ཆད་ནས་ཡུན་རིང་འགོར
ཡིན་ན་ཡང   འབྲོག་ཐང་གི་བུ་མོ་ཁྱོད་ནི
ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་བདག་གི་འབྲུག་མོ་ཡིན
 
 
སྙན་ངག་ཅིག་བྲིས་ནས་ངག་ལ་གྱེར་ཀྱང
དེ་ནི་བོང་བུའི་རྣ་བར་ཆོས་སྒྲ་རེད
ཡིག་འབྲུ་རྡོག་གཅིག་གི་དྲན་རྟེན་མེད་པར་ང་འགྲོ་རན་དུས
ཁ་པར་ནས་དགའ་དུང་གི་ཚིག་ཁ་གཅིག་་རྒྱ་ཡིག་གིས་བསྐུར་ཡོང
 
འབྲོག་མོ་ཞིག་སྟེ   འབྲི་མོ་དང་མཉམ་དུ་ནར་སོན་པའི་ཁྱོད
འབྲོག་མོ་ཞིག་སྟེ    གཡང་དཀར་ལུག་གི་འབའ་སྒྲ་ཆགས་པའི་ཁྱོད
སྐྱེ་བ་ནས་སྐྱེ་བར་བདག་གི་ཆུང་མ་རུ་གྱུར་ནས་བསམ
 
རྒན་པོ་ཚོའི་གཉེན་གྱི་སྐྱ་ཡ་མཐོ་དགོས་ཟེར
ད་དུང་གླ་ཕོགས་ཟ་མ་མཁན་ཞིག་ཡིན་ན་དེ་བས་དགའ་ཟེར
 
ང་ལ་ཐབས་བཀོད་ཅི་ཡང་མི་འདུག་པས
སྙན་ངག་ཅིག་བྲིས་ཏེ་ཁྱོད་ལ་བསྐུར་ན་འདོད་ཀྱང
ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་ཁྱོད་ཀྱིས
ཤོག་སྐྱ་སྟོང་བ་ཞིག་གིས་ཅི་བྱེད་དེ     ཧ་གོ་ནི་མ་རེད
                    ༢༠༡༢   ༦ པར་ལན་དྲུག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།