གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོར་མོ་དང་བྲན་གཡོག

2012-07-15 20:43:00 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

ཤོག་ལེབ་གྲུ་བཞི་ནར་མོའི་འདིའི་དབྱིབས་སྟེང་དུ
གོང་མའི་ཕོ་བྲང་ནང་གི་རྒྱལ་བོ་ཆེན་པོ་དེ་བཞུགས་འདུག
གཟི་རྔམས་ཀྱི་དཔའ་སྟོབས་ཕྱིར་མངོན་ཏེ
ཁྱོད་ལ་དགའ་མཁན་གྱི་སྐྱེ་བུ་མང་དྲགས་པས
མང་བོ་ཞིག་ཨ་ཐང་ཆད་འདུག་པ་འདྲ།

ཁྱེད་ཀྱིས་དབུལ་ཕྱུག་ལམ་ལུགས་བཙུགས་པ་ནས་བཟུང་།
ང་ཚོ་སུའང་དབུལ་བོ་དེ་བྱེད་མ་འདོད་པར
ཉིན་མཚན་རྟག་ཏུ་ཁྱོད་དང་ཁ་ཐག་རིང་མེད་ནའང་
ཁྱེད་ཀྱིས་ང་ཚོ་ལ་བྲན་གཡོག་ལམ་ལུགས་ཟེར་བའི་ལམ་འདི་སྟོན་གྱིན་འདུག

མེ་ཏོག་དང་མཛེས་སྡུག་ཡོད་ཚད་ཁྱོད་ཀྱི་སྐྱེས་སྐར་དུ་ཕུལ་ཡོད།
བརྩེ་དུང་དང་ལུས་ངག་ཡོད་ཚད་ཁྱོད་ཀྱི་མཆོད་སྦྱིན་དུ་ཕུལ་ཡོད།

རང་ལུས་མེ་རུ་སྲེག་པའི་དུས་ཚོད་ག་འདྲ་ཞིག་གི་མཇུག་ཏུ
མེ་ཕུང་གི་ལྐོག་ཏུ་ཚུད་པའི་ཕྱེ་ལེབ་འབུ་སྦྲང་གི་ཚོགས་ཀྱང
འཇིག་རྟེན་འདི་དང་རིང་དུ་གྱེས་ཏེ་
གཅིག་རེ་གཉིས་རེ་བཞིན་སོ་སོར་རང་སྲོག་གཅོད་བཞིན་འདུག

མི་མང་བོ་ཞིག་ལྷག་མེད་པའི་འཇིག་རྟེན་འདིའི་སྟེང་དུ
ངའི་རྒྱལ་བོ་ཆེན་པོ་ཞབས་ཞུ་ཡང་ཡང་སྒྲུབ་དགོས
ཕོ་བྲང་གི་སྒོའི་ཕྱི་ནང་ན་སྤྲང་བོ་མང་དུ་མཆིས་འདུག
ང་རང་ཁང་མིག་ཞིག་གི་གྲུ་ག་ནས་སྤྲང་ཕྲུག་ཞིག་གི་ཚུགས་ཀ་སྟོན་བཞིན
རྒྱལ་བོ་གཅིག་ལ་འདི་འདྲིའི་སྤྲང་བོ་མང་བོ་ཞིག་ཡོད་དགོས་ན
རྗེས་མར་ངའང་སྤྲང་བོ་རུ་གྱུར་ནས་སྤྲང་བོ་དེ་ཚོ་དང་མཉམ་དུ
ཕོ་བྲང་གི་སྒོ་ཕྱི་ནང་ཀུན་ནས་རྒྱལ་བོའི་མཚན་ནས་ཡང་ཡང་བོས་ཏེ

རྗེས་བ་གཞུག་མ་རང་ཉིད་ཀྱང་སྤྲང་བོ་ཡིན་འདོད་ཀྱི་རེ་ཞུ་བྱས་ན
རྒྱལ་བོས་ང་ལ་ཡིད་ཚིམས་པའི་ཨ་ལན་འདེབས་པ་དེ་ནི་བདེ་སྐྱིད་དོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།