སྐེ་དཀྲིས་ལྗང་ཁུ་མ།


རྩོམ་གྲོགས་རྣམས་ཀྱིས།
སྐེ་དཀྲིས་ལྗང་ཁུ་མ་ཞེས་ཡང་ཡང་བོས་ལ།
སྐེ་དཀྲིས་ལྗང་ཁུ་མ་ཞེས་ཡང་ཡང་སྙན་ངག་བྲིས།
དེའི་དབང་གིས།      སྣང་བ་ཞིག་ལ།
ནམ་ཡང་ཁྱོད་ནི་སྐེ་དཀྲིས་ལྗང་ཁུ་མའམ།
ཡང་ན་སྐེ་དཀྲིས་ལྗང་ཁུ་ནི་ཁྱོད་ཁོ་ནའོ།
ཐ་ན་ཁྱོད་ཀྱི་སྐད་ངག་དང་སྐྱེ་མཆེད་མཐའ་དག་ཀྱང་།
སྐེ་དཀྲིས་ལྗང་ཁུའམ་ལྗང་མདོག་ལས་གྲུབ་པ་མཐའ་དག་དུ་མངོན་ལ།
ཁྱོད་ཀྱི་བ་སྤུའི་བུ་ག་མཐའ་དག་ཀྱང་།
ལྗང་མདོག་གི་མཛེས་ཆ་མཐའ་དག་གིས་བརྒྱན་ཡོད།
རྒྱུ་མཚན་དེའི་ཕྱིར།  ངས་སྙན་ངག་ལྟ་བུའི་ཁྱོད་ལ་སྙན་ངག་འབྲི་ཞིང་།
སྙན་ངག་དེར་སྙན་ངག་གིས་བརྒྱན་ཆོག་ཀྱང་།
ནམ་ཞིག་གི་ཚེ་ཁྱོད་ཀྱིས་སྐེ་དཀྲིས་དམར་པོའམ།
ཡང་ན་དཀར་པོ།   སེར་པོ་གང་ཞིག་དཀྲིས་ན།
ངས་ཁྱོད་ལ་ཅི་ལྟར་འབོད་དམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐེ་དཀྲིས་ལྗང་ཁུ་མ།

2012-07-08 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


རྩོམ་གྲོགས་རྣམས་ཀྱིས།
སྐེ་དཀྲིས་ལྗང་ཁུ་མ་ཞེས་ཡང་ཡང་བོས་ལ།
སྐེ་དཀྲིས་ལྗང་ཁུ་མ་ཞེས་ཡང་ཡང་སྙན་ངག་བྲིས།
དེའི་དབང་གིས།      སྣང་བ་ཞིག་ལ།
ནམ་ཡང་ཁྱོད་ནི་སྐེ་དཀྲིས་ལྗང་ཁུ་མའམ།
ཡང་ན་སྐེ་དཀྲིས་ལྗང་ཁུ་ནི་ཁྱོད་ཁོ་ནའོ།
ཐ་ན་ཁྱོད་ཀྱི་སྐད་ངག་དང་སྐྱེ་མཆེད་མཐའ་དག་ཀྱང་།
སྐེ་དཀྲིས་ལྗང་ཁུའམ་ལྗང་མདོག་ལས་གྲུབ་པ་མཐའ་དག་དུ་མངོན་ལ།
ཁྱོད་ཀྱི་བ་སྤུའི་བུ་ག་མཐའ་དག་ཀྱང་།
ལྗང་མདོག་གི་མཛེས་ཆ་མཐའ་དག་གིས་བརྒྱན་ཡོད།
རྒྱུ་མཚན་དེའི་ཕྱིར།  ངས་སྙན་ངག་ལྟ་བུའི་ཁྱོད་ལ་སྙན་ངག་འབྲི་ཞིང་།
སྙན་ངག་དེར་སྙན་ངག་གིས་བརྒྱན་ཆོག་ཀྱང་།
ནམ་ཞིག་གི་ཚེ་ཁྱོད་ཀྱིས་སྐེ་དཀྲིས་དམར་པོའམ།
ཡང་ན་དཀར་པོ།   སེར་པོ་གང་ཞིག་དཀྲིས་ན།
ངས་ཁྱོད་ལ་ཅི་ལྟར་འབོད་དམ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།