གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་ལ་སྡིགས་པ།

2012-07-01 12:46:00 མང་རའི་རབ་ཆུང་། ཀློག་གྲངས། མཆན ཡོད།


རྫས་འགྱུར་གྱི་དུད་རླངས་ཀྱིས
དབུགས་འབྱིན་སའི་ནམ་མཁའ་བསྣོགས
 
འཕྲུལ་ཆས་དག་གི་ཆོམ་སྒྲས
ལྷང་འཇགས་གཞི་ནས་བཅོམ
 
སྲང་ལམ་དེ་དོག་དྲགས་པས
བྱ་བར་བྲེལ་བའི་མི་རྣམས
རླངས་འཁོར་དང་ལྡུར་སྒྲ་ལ་བསྲེས་སྟེ
དུས་ཀྱི་འགྱུར་བ་དང་ལྷན་དུ
ཚ་གྲང་གི་དམྱལ་བར་ལྷུང
 
ཚེ་སྲོག་སྟ་རྔ་འདྲ་བོ་འང
འཁོར་ལོས་འཁོར་ལོ་འདེད་པའི
འཕག་འཚགས་དེས་བར་ནས
གཅིར་འགྲོ་བར་དོག་དགོས་ལ
 
མཚན་མོ   མཚན་གུང   མཚན་སྟོད་ལ་འང
གོང་ཆེན་གྱིས་ཉོས་པའི   འགྲོན་ཁང་གི་མལ་ཁྲིའི་སྟེང
ཡར་འཕག་མར་འཕག་བྱེད་བཞིན
 
སྣུམ་ཚར་རྒྱུ་བོ་དག་གི་   ཆོམ་སྒྲ   ཆོག་སྒྲ   ལྡུར་སྒྲ་ལ
སྨེ་ངག་གི་འཁང་ར་བྱེད་དགོས
 
ཨ་ཨ་་་   གྲོང་ཁྱེར་ནས་ངོ་མ་དམྱལ་བ་རིག་གི
 
གྲོང་ཁྱེར་ལ་རྒྱུས་མངའ་མེད་པར
གྲོང་ཁྱེར་ལ་སྨོན་པ་ཤོར་བའི
རྩྭ་ཐང་གི་ངའི་ཕུ་ནུ་མིང་སྲིང་ཚོ
 
 
ངས་ཕ་ཡུལ་དང་ཁྱེད་ཚོ་དྲན་གི   སྙིང་ནས་དྲན་གི
བསམ་གཞིགས་ཀྱི་ངང་དྲན་གི
 
རྫས་འགྱུར་ཀྱིས་བརླགས་མེད་པའི་ནམ་མཁའ་དྲན་བྱུང
ལྷད་མི་འདྲེས་པའི་ཟས་མཆོག་དག་དྲན་བྱུང
 
ཕ་ཡུལ    བདག་གི་ཕ་ཡུལ    བདག་གི་རྩྭ་ཐང
ད་སྐབས་ང་ལ་མཚོན་ན
གྲོང་ཁྱེར་ནི་ཁྱོད་ཀྱི་གྲིབ་གཟུགས་ལ་འང་དོ་གིན་མི་འདུག
          ༢༠༡༢ .༦ .༩མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།