གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉོག་གཏམ་གྱི་མཆོད་སྦྱིན།༼སྙན་ཚོམ༽

2012-06-27 01:18:00 གངས། ཀློག་གྲངས། མཆན ཡོད།

     གཟི་ཁྲ་ཁྲ
                  ___ལྗང་བུར་ཕུལ།
ལྗང་བུ་ཕྱི་རྒྱལ་ལ་གཟི་ཉོ་བའམ་ཡང་ན་ངོམ་དུ་བུད་སོང

སྔོན་ཆད་ཁོས་གོང་མཛུབ་དང་དཀྱིལ་མཛུབ་གཉིས་གཤིབ་སྟེ
མོ་མཚན་ནང་དུ་དཀྲུག་དཀྲུག་བྱེད་མྱོང་བའི་བུད་མེད་ཚོའི་རྨི་ལམ་ནང་དུ
ལྗང་བུས་མཚན་མོ་རེ་རེར་ཆགས་སྲེད་སྒྱེ་མོ་གང་དང་
གཟི་ཁུག་མ་དོ་ཁུར་ནས
ཆ་མི་མཚུངས་པའི་ལྷམ་ཞིག་གོན་ཏེ་ཁོ་མོ་ཚོའི་གམ་དུ་ལོག་གིན་འདུག
            
    ཆང་བ།
        ___གཅན་མེ་སྟག་ལ་ཕུལ།
ངས་གཅན་མེ་སྟག་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཅིག་བསྒྲིག་འདོད་དུས
ཁོ་བ་ར་བཟི་བའི་གཞོན་ནུ་མ་ཞིག་ལ་འཁྱུད་དེ་རྒྱང་རིང་དུ་བུད་སོང

བྱི་ཆེ་བའི་མི་ཚོས་གཞོན་ནུ་མ་དེ་སུ་ཡིན་མིན་ལ་སེམས་ཚེགས་བྱེད་པ་ལས
གཅན་མེ་སྟག་ཕྱིར་ལོག་མིན་ལ་སེམས་ཁྲལ་མི་བྱེད

   གཟིག་ཁྱུ
             ___མི་རབས་གསུམ་པར་ཕུལ།
མི་རབས་གསུམ་པས
བྱི་རུ་དང་མུ་ཏིག་གིས་བར་བརྒྱན་པའི་ཙན་དན་གྱི་ཕྲེང་བ་ཞིག
རླིག་རྩིད་ཀྱི་སྐུད་པ་ཞིག་ལ་བསྟར་ཏེ
སེར་མོ་བ་དང་དད་འབངས་གཤར་སའི་ལམ་ཁར་གཡུགས

སུས་ཀྱང་ཐེ་ཚོམ་ངང་ལེན་མ་ཕོད་པར་ལུས་པའི་དུས་ན
སྤྲང་འཁྱམ་གྱི་གསར་བུ་རྐྱལ་སྟོང་འགས
དགའ་ཚོར་དང་བཅས་འཕྲལ་མར་དེ་ཉིད་ཨམ་ཕྲག་ཏུ་བཅུག་ནས
གཟིག་ཁྲ་ཁྲ་ཞིག་ཞོན་ཏེ་སྨད་འཚོང་མ་སངས་རྒྱས་སྒྲོལ་མ་འཚོལ་དུ་ཆས་སོང

ད་ལྟ་གསར་བུ་དེ་ཚོས་མི་རབས་གསུམ་པར་དྲིན་གཟོ་བའི་ཕྱིར་དུ
རྔུལ་ཆུ་ཁྲོམ་ཁྲོམ་གྱིས་འཁྲིག་པ་སྤྱོད་ཀྱིན་ཡོད་ངེས           

   ཆགས་གླུ་མཉམ་ལེན།
             ___མི་རབས་བཞི་བར་ཕུལ།
མི་རབས་བཞི་བ་ནི་གསར་བུ་དགའ་ས་དག་དག་རེད
འོན་ཀྱང་མི་མང་ཆེ་བས་ཁོ་ཚོའི་སྙན་ངག་ནི་མི་དགའ་ས་ཞིག་རེད་ཟེར
རྒྱུ་མཚན་ནི་མི་རབས་བཞི་བས
རང་གི་དགའ་མར་འཁྲིག་པའི་ཞོར་དུ་བུ་མོ་གཞན་ཞིག་ལ་ལ་གཞས་བླངས
ལ་གཞས་ལེན་ཞོར་དུ་སྐྱག་པ་བཏང
སྐྱག་པ་གཏོང་ཞོར་དུ་སྙན་ངག་བྲིས་བས
མི་རྒན་ཚོའི་མིག་ལ་མི་འཛའ་བའི་ཐན་ལྟས་ཤིག་ཏུ་གྱུར

ད་དུང་
གོང་རིམ་ནས་ཁོ་ཚོའི་ཡ་ཁའི་སྟེང་གི་སྣབས་དེར་ཟུར་ཟའི་ཁྱད་ཆོས་ལྡན་པ་དང
འཁྲིག་པ་སྤྱོད་ཞོར་དང་སྐྱག་པ་གཏོང་ཞོར་དུ
སྙན་ངག་འབྲི་བ་ནི་ཁྲིམས་འགལ་ཡིན་ཚུལ་ལབ་ནས
སྙན་དེབ་པར་སྐྲུན་གྱི་དཔེ་རྟགས་མི་སྟེར་ཁོ་ཐག་ཡིན་ཟེར

   སོ།
          ____སེང་རྡོར་ལ་ཕུལ།
སེང་རྡོར་གྱིས་སོའི་སྲ་སྙི་མི་ཀུན་ལ་ངོམ་ཕྱིར
རྣོ་ལྕགས་ལྟ་བུའི་རྒྱ་ཡིག་འགའ་ལྡོད་ཀྱིན་ཡོད

   ཕོ་ཧྲེང་།
      ____ཁ་བ་སྙིང་ལྕགས་ལ་ཕུལ།
སློབ་ཆེན་གྱི་ལོ་ངོ་བཞིའི་རིང་ལ་འཇིག་རྟེན་གྱི་གསང་བ་ཡོད་ཚད་ཁོང་དུ་ཆུད་ཕྱིར
བསམ་བློ་བཏང་ནས་དགའ་རོགས་འཚོལ་རྒྱུ་ཡང་བརྗེད་དེ
སློབ་གྲྭ་ནས་སྒོར་འབུད་ཁར་འགྱོད་པ་ཤོར་གྱིན་ཡོད

   དཔོན་པོ།
             ___གླག་ལ་ཕུལ།
བར་སྐབས་ཤིག་ལ
གླག་གིས་༼སྨྱོན་པའི་གླིང་༽ནས་དཔོན་པོ་བྱས་ཏེ
ང་དང་སྙིང་ལྕགས་སོགས་ཡར་འཐེན་བྱས

དཔོན་ས་ཤོར་རྗེས
རྒྱ་མོ་ལ་ལས་ཞིང་བ་དབུལ་བོ་ཞིག་གི་བུ་རྒྱུད་རེད་ཅེས
ཡར་གཡུགས་མར་གཡུགས་བྱས་མྱོང་ལ
ཡང་ལ་ལས་ཤོག་དངུལ་ཐོག་གི་བློ་མཐུན་མོ་ཡི་ངོ་ཚུགས་སུ་འཁྲུལ་ཏེ
དགའ་ས་འཐད་ས་བྱས་མྱོང

   གངས
ད་ལྟའི་ཁྱོད་ནི་ང་རང་སྔོན་ཆད་ཆེས་མི་དགའ་སའི་མི་དེར་གྱུར་འདུག
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།