སྒོ་གླེགས།


དུས་ནམ་ཞིག་ལ།
ཁྱོད་ཀྱིས་བློ་ཕེབས་ཀྱི་གནས་མལ་འདི་བདག་གིར་འཛིན་དུས།
སུ་ཞིག་ཁྱོད་ཀྱི་ལྡེ་མིག་དུ་འགྱུར་སྲིད་དམ།
དུས་དེ་ལ།
ཅི་ཞིག་ཐོབ་འདོད་ཀྱིས་འགྲམ་ཆུ་ལྡང་བ་ང་ཁོ་ན་མ་ཡིན་ལ།
ཅི་ཞིག་ཤོར་དོགས་ཀྱིས་སེམས་ཁྲལ་གནང་བའང་ང་ཁོ་ན་མ་ཡིན་ནོ།
དེས་དབང་གིས།
བྲེད་ཤ་བུ་ཡུག་བཞིན་འཚུབ་ཅིང་།
འདོད་པ་ཁ་བ་བཞིན་བབས་ན་ཡང་།
སུ་ཞིག་གིས་ཁྱོད་ཀྱི་གནས་མལ་འདི་བརྟན་སྲུང་བྱེད་པ།
གནས་ལུགས་ཤིག་གམ།  ཡང་ན་ཆོས་ཉིད་ཅིག་ཏུ་གྲུབ་ཀྱང་།
དུས་ད་ལྟའི་དགོས་དབང་གིས།
ཡོད་ཚད་འགྱུར་སྲིད་པས།།
ཁྱོད་འབྱེད་པའི་ལྡེ་མིག་ཀྱང་།
རང་གཅིག་པུ་ལ་དབང་བ་མ་ཡིན་ཏེ།
ཁྱོད་རང་འབྱེད་འདོད་ཀྱི་སེམས་ལྡན་ཁྲི་ཕྲག་གི་ལག་ཏུ།
ཧམ་སེམས་ཀྱི་ལྕགས་ཀྱུ་ཐོགས་ཏེ།
ཅི་ཞིག་ཐོབ་འདོད་ཀྱིས་འགྲམ་ཆུ་བར་མེད་དུ་ཤོར་ཅིང་།
ཅི་ཞིག་ཤོར་དོགས་ཀྱིས་སེམས་ཁྲལ་དབང་མེད་དུ་གནང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་གླེགས།

2012-06-27 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


དུས་ནམ་ཞིག་ལ།
ཁྱོད་ཀྱིས་བློ་ཕེབས་ཀྱི་གནས་མལ་འདི་བདག་གིར་འཛིན་དུས།
སུ་ཞིག་ཁྱོད་ཀྱི་ལྡེ་མིག་དུ་འགྱུར་སྲིད་དམ།
དུས་དེ་ལ།
ཅི་ཞིག་ཐོབ་འདོད་ཀྱིས་འགྲམ་ཆུ་ལྡང་བ་ང་ཁོ་ན་མ་ཡིན་ལ།
ཅི་ཞིག་ཤོར་དོགས་ཀྱིས་སེམས་ཁྲལ་གནང་བའང་ང་ཁོ་ན་མ་ཡིན་ནོ།
དེས་དབང་གིས།
བྲེད་ཤ་བུ་ཡུག་བཞིན་འཚུབ་ཅིང་།
འདོད་པ་ཁ་བ་བཞིན་བབས་ན་ཡང་།
སུ་ཞིག་གིས་ཁྱོད་ཀྱི་གནས་མལ་འདི་བརྟན་སྲུང་བྱེད་པ།
གནས་ལུགས་ཤིག་གམ།  ཡང་ན་ཆོས་ཉིད་ཅིག་ཏུ་གྲུབ་ཀྱང་།
དུས་ད་ལྟའི་དགོས་དབང་གིས།
ཡོད་ཚད་འགྱུར་སྲིད་པས།།
ཁྱོད་འབྱེད་པའི་ལྡེ་མིག་ཀྱང་།
རང་གཅིག་པུ་ལ་དབང་བ་མ་ཡིན་ཏེ།
ཁྱོད་རང་འབྱེད་འདོད་ཀྱི་སེམས་ལྡན་ཁྲི་ཕྲག་གི་ལག་ཏུ།
ཧམ་སེམས་ཀྱི་ལྕགས་ཀྱུ་ཐོགས་ཏེ།
ཅི་ཞིག་ཐོབ་འདོད་ཀྱིས་འགྲམ་ཆུ་བར་མེད་དུ་ཤོར་ཅིང་།
ཅི་ཞིག་ཤོར་དོགས་ཀྱིས་སེམས་ཁྲལ་དབང་མེད་དུ་གནང་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།