སྲིད་པས་ད་དུང་སྙན་ངག་འབྲི་འམ་གླུ་དབྱངས་ལེན།

ཁྱུང་མཆུའི་བརྒྱ་བྱིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-06-20


སྲིད་པའི་ཀློང་དུ་སྙན་ངག་ཞིག་དལ་གྱིས་ལྷུང་།
སྦྲ་ནག་དེའི་མཐའ་ནས་རྒན་པོའི་ལྷ་སྒྲུང་ཞིག་ཡུན་གྱིས་ལངས་དེ་ཡར་ཀླུང་གི་ཕྱོགས་སུ་ཁད་ཀྱིས་བཞུད་་་
བར་སྣང་དུ་འཐེན་པའི་ལས་ཀྱི་དམུ་ཐག
ངའི་སྲོག་གི་ཆུ་བོ་མ་སྐམ་བར།
སྡུག་བསྔལ་ལ་ཟད་མཐའ་མེད།
བརྩེ་བརྩེ་འཛུམ་འཛུམ་འདྲ་བའི་ཁྱི་ལོའི་སྤང་ཐང་གི་ནམ་ཟླ་དེ།
འཁྱོལ་རྒྱུ་མེད་པའི་དགུན་ཟླ་རིང་མོ་ཞིག་དང་འདྲ་བར།
ངའི་མ་སྤུན་བྱེ་བ་མང་པོས་འཚེ་མེད་ཞི་བས་གླུ་དབྱངས་ལ་བར་མཚམས་མ་ཆད།
དྲག་ཏུ་མཆོང་བའི་གློ་སྙིང་གི་སྒོ་མོ་ཤེད་ཀྱིས་ཕྱེས་ཚེ།
བྲང་ཁོག་ནས་བཞུར་ཡོང་བ་དྭངས་གཙང་གི་འོ་མ་ལས།
རི་རབ་དང་གླིང་ཕྲན་མང་པོའི་ཕར་རྒྱབ་ན་ཁྱིམ་གཞི་དྲོན་མོ་དྲན་པའི་མ་དང་བུ་རྒྱུད་ཚོ་ཡོད།
ཤིན་ཏུ་སྐྱོ་བའི་གཏམ་ཞིག་ལ།
འཇིག་རྟེན་འདིར་ཉི་མས་ཚ་དྲོད་ལས་བརྒལ་བའི་དྲོད་གདུང་ཞིག་གིས།
ངའི་གངས་རི་བཞུ་བཞིན་འདུག་ལ།
ཡང་ན་ངས་ཀྱང་ཚ་དྲོད་རྒྱས་པའི་བྲང་གཞུང་གིས་གངས་འདི་བཞུ་ལགས་སམ།
སེམས་ཅན་དེས་སྐྱེ་རབས་ནས་སྐྱེ་རབ་སྙན་ངག་བྲིས་ནས་འདུག་གམ་སྐད་ངག་དབྱངས་སུ་གྱེར་ནས་གླུ་དབྱངས་ལེན།
ཡུན་རིང་བོ་མི་དགོས་པར་མིག་གིས་བལྟས་བལྟས་སུ།         
ཆུ་མོས་ལས་ཀྱིས་
བྲག་རི་དང་མི་སེམས་འཆའ་ངེས་ཡིན།
སྲིད་པས་ད་དུང་སྙན་ངག་འབྲི་འམ་གླུ་དབྱངས་ལེན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིད་པས་ད་དུང་སྙན་ངག་འབྲི་འམ་གླུ་དབྱངས་ལེན།

2012-06-20 ཁྱུང་མཆུའི་བརྒྱ་བྱིན། ཀློག་གྲངས། མཆན ཡོད།


སྲིད་པའི་ཀློང་དུ་སྙན་ངག་ཞིག་དལ་གྱིས་ལྷུང་།
སྦྲ་ནག་དེའི་མཐའ་ནས་རྒན་པོའི་ལྷ་སྒྲུང་ཞིག་ཡུན་གྱིས་ལངས་དེ་ཡར་ཀླུང་གི་ཕྱོགས་སུ་ཁད་ཀྱིས་བཞུད་་་
བར་སྣང་དུ་འཐེན་པའི་ལས་ཀྱི་དམུ་ཐག
ངའི་སྲོག་གི་ཆུ་བོ་མ་སྐམ་བར།
སྡུག་བསྔལ་ལ་ཟད་མཐའ་མེད།
བརྩེ་བརྩེ་འཛུམ་འཛུམ་འདྲ་བའི་ཁྱི་ལོའི་སྤང་ཐང་གི་ནམ་ཟླ་དེ།
འཁྱོལ་རྒྱུ་མེད་པའི་དགུན་ཟླ་རིང་མོ་ཞིག་དང་འདྲ་བར།
ངའི་མ་སྤུན་བྱེ་བ་མང་པོས་འཚེ་མེད་ཞི་བས་གླུ་དབྱངས་ལ་བར་མཚམས་མ་ཆད།
དྲག་ཏུ་མཆོང་བའི་གློ་སྙིང་གི་སྒོ་མོ་ཤེད་ཀྱིས་ཕྱེས་ཚེ།
བྲང་ཁོག་ནས་བཞུར་ཡོང་བ་དྭངས་གཙང་གི་འོ་མ་ལས།
རི་རབ་དང་གླིང་ཕྲན་མང་པོའི་ཕར་རྒྱབ་ན་ཁྱིམ་གཞི་དྲོན་མོ་དྲན་པའི་མ་དང་བུ་རྒྱུད་ཚོ་ཡོད།
ཤིན་ཏུ་སྐྱོ་བའི་གཏམ་ཞིག་ལ།
འཇིག་རྟེན་འདིར་ཉི་མས་ཚ་དྲོད་ལས་བརྒལ་བའི་དྲོད་གདུང་ཞིག་གིས།
ངའི་གངས་རི་བཞུ་བཞིན་འདུག་ལ།
ཡང་ན་ངས་ཀྱང་ཚ་དྲོད་རྒྱས་པའི་བྲང་གཞུང་གིས་གངས་འདི་བཞུ་ལགས་སམ།
སེམས་ཅན་དེས་སྐྱེ་རབས་ནས་སྐྱེ་རབ་སྙན་ངག་བྲིས་ནས་འདུག་གམ་སྐད་ངག་དབྱངས་སུ་གྱེར་ནས་གླུ་དབྱངས་ལེན།
ཡུན་རིང་བོ་མི་དགོས་པར་མིག་གིས་བལྟས་བལྟས་སུ།         
ཆུ་མོས་ལས་ཀྱིས་
བྲག་རི་དང་མི་སེམས་འཆའ་ངེས་ཡིན།
སྲིད་པས་ད་དུང་སྙན་ངག་འབྲི་འམ་གླུ་དབྱངས་ལེན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།