གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་དོག་མེད་པའི་རི་མོ་ཇི་ལྟར་འབྲི།

2012-10-30 14:13:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

སྟོང་སང་སང་ཁྲོད་ཀྱི་ཆར་བའི་ཤག་སྒྲ་ཞིག་གིས
མི་སེམས་དཀྲོགས་བྱེད་ཀྱི་རོལ་མོ་ཡན་གྱིས་འཇགས་དུས
ནམ་མཁའ་དང་འཛའ་ཚོན་གྱི་སྣེ་མོ་ནས
ཁྱོད་ཀྱིས་རང་གི་ལག་པ་ཁུག་མར་ནང་མི་འཇུག་རོགས
རྒྱང་རིང་ལ་སྲོངས་དང    སྐད་ཅིག་ཉིད་ལ
དཀོན་ཅོག་གི་ཐུགས་རྗེ་གང་ན་བསྐངས་ཡོད་པར་
སེམས་ཁུར་མི་བྱེད་རོགས
དུས་ཡུན་རིང་བོ་འགོར་མི་དགོས་ཤིང་
མནོ་བསམ་མང་པོ་ཡང་གཏོང་མི་དགོས
ཁེར་རྐྱང་གི་ལུས་པོ་གཞན་དག
ཁྱོད་ཀྱི་ཕྱོགས་སུ་ཡོང་གི་ཡོད་འདུག
ཁྱོད་ཀྱི་སེམས་སུ་བཅར་གྱི་ཡོད་འདུག
དེ་བས  སྐྱི་བསེར་ཡང་མི་ཁོགས་པའི་ཁང་མིག་ཅིག་ཏུ
ཁ་དོག་མེད་པའི་རི་མོ་ཇི་ལྟར་འབྲི་ཨང་
                                      ༢༠༡༢/༡༠/༡༧མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།