གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧི་མ་ལ་ཡ།

2012-10-29 12:37:00 མེ་འབར། ཀློག་གྲངས། མཆན ཡོད།

ས་རྡུལ་དང་ཁ་བ་མཉམ་གཤིབས་ཀྱི
ཆུ་བོ་དང་རླུང་བུ་གྲོགས་སུ་འདེབས་ཏེ
འཛམ་གླིང་གི་ཡངས་རྩེ
རི་བོ་ཡི་རྒྱལ་པོ
ཁྱེད་ཉིད་འགྱིང་ངེར་གནས་ལ

རི་བོ་ཧི་མ་ལ་ཡ་ཡ
ཁྱེད་ཀྱི་གམ་དུ་བཅར་ཐེངས་རེར
སོང་ཟིན་པའི་དེབ་ཐེར་དྲན་ལ
མ་འོངས་པའི་ལོ་རྒྱུས་འབྲི་འགོ་བརྩོམ་འདོད
སང་ཉིན་དང་ད་ལྟའི་འཆར་གཞི་བཟོ་འདོད

རི་བོ་ཧི་མ་ལ་ཡ་ཡ
ཁྱེད་ཀྱི་འདས་པའི་ལོ་རྒྱུས་ཁྲོད་གཟི་འོད་འཕྲོ་མྱོང་ལ
ད་ལྟའི་སྔོ་ཞིང་ལྡེམ་པའི་ཞིང་འབྲུར་སྐོམ་པ་སེལ་བཞིན་ཡོད

ཧི་མ་ལ་ཡ
སྔར་སོང་གི་ལོ་རྒྱུས
ཟུངས་ཁྲག་དང་མཉམ་དུ་བསྡེབས་ཏེ
གང་དུའང་མི་བསྐྱུར་ཞིང
སུ་ལའང་མ་གཡུགས་པར
མགོ་བོ་མཐོན་པོར་འགྱེང་སྟེ
རྩྭ་ཕྲན་དང་འབྲུ་རིགས་ཀྱི་དོན་དུ
ཆུ་བོ་ཤག་ཤག་ཏུ་རྒྱུག་རོགས
ནམ་ཡང་             ཤག་ཤག་ཏུ་རྒྱུག་རོགས
དུས་ནམ་ཡང་       
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།