གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་ཐག་གི་རི་མོ།

2012-10-18 14:33:00 ཁྲག་སྙུག༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

          ____བུ་མོ Yལ་བྲིས་བའི་སྙན་ངག་གཉིས་བ །
 

ཉིན་ལ་མཚན་མེད་པར་ཁྱེད་རང་དྲན་ཡོང་བ་ནི
ཕྱི་ཐག་མ་བོར་བའི་སྐྱེས་ཕོ་རྨ་ཁྲག་གི་བརྩེ་བ་ཇི་བཞིན
ངས་རང་ཉིད་ཀྱི་དགའ་དུང་དང་སྣང་བ  ད་དུང་སེམས་པ་ཡོད་ཚད
ཚོས་ཁས་མ་བྱུགས་པའི་ཡིད་ཀྱི་ཤོག་དཀར་དེ་ལ་རྟག་ཏུ་བྲིས་ནས
ཁྱེད་ལ་ཡང་བསྐྱར་མེ་ཏོག་དང་ཐ་སྙད་ཀྱིས་ལྷན་པའི་དབྱར་ལྭ་ཞིག་བཟོ་འདང་ཡོད
ཁྱེད་དྲོ་བར་སྨོན        དབྱར་ལྭ་དེ་ནི་ངའི་ཚ་བེར་བེར་གྱི་ཤ་ཁྲག་གདོས་བཅས་ཡིན
 
གཡའ་དག་པའི་སྟོན་མཚན་ལྟ་བུའི་ངའི་སེམས་པའི་ལྗོངས་ངོས་སུ
ཁྲ་ཆིལ་ཆིལ་གྱི་ཁྱེད་ཀྱི་སྐར་མ་དང་རྨི་ལམ་འཚེར་ཞིང
ཕྱིར་དྲན་དང་བསམ་གཞིག     སྙན་ངག་ལྟ་བུའི་སྡོང་ལོ་དེ་དག་གིས
ང་རང་རྨང་ནས་འཆར་ཡན་དང་རྟོག་བཏགས་ཀྱིས་བྲིས་བའི་རི་མོ་ཞིག་ཏུ་བཞེངས་འགྲོ
 
བུ་མོ་ཁྱོད   དོ་ནུབ་རྨ་ཆུར་ཐོན་འདུག་ཟེར
ངའི་སྣང་བར་ཡན་པའི་དྲི་ངད་དང་སྙན་ངག་དང་སྡོང་ལོ་ཁྱེར་ཏེ
ཁོ་མོའི་ཕ་ཡུལ་དུ་འབོད་པའི་རྨ་ཆུར་ཐོན་འདུག་ཟེར
ཕྱིར་དྲན་དང་བསམ་གཞིག    སྙིང་གཏམ་སྒྱེ་གང་བཟུང་སྟེ
ཁྲག་སྙུག་ཏུ་འབོད་པའི་མི་ཆུང་དབུལ་བོ་དེའི་སེམས་ཁར་ཐོན་འདུག་ཟེར
 
བར་ཐག་ནི་བརྩེ་དུང་གི་མནར་གཅོད་ཅིག་ཡིན་པ་བཞིན་དུ
དྲན་ཤིང་ནི་ནང་སེམས་ཀྱི་སྨྲེང་སྐྱོ་ཞིག་ཡིན་པ་ལྟར་དུ
ངས་ཀྱང་ཁ་ངོ་མ་འཕྲད་པའི་ཁྱེད་རང་ར་ཁུ་ཞིག་ཏུ་འཆར་བཟོ་བྱས་ཏེ
མྱུར་སྟབས་ཀྱི་སྒོ་ནས་རྔམ་འཐུང་ཐེངས་ཤིག་བྱེད་འདོད་ཨང
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།