གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ལ་འཁྱུད་པའི་ལོ་ཟླ།

2012-10-16 17:37:00 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


སྤང་ཐང་གི་རྨི་ལམ་ལ་གཤོག་པ་ཐོགས
གཤོག་པ་བྲག་ལ་བརྡར་བའི་བྱ་རྒོད་པོ  བྱེའུ་འཇོལ་མོ
མཁའ་དབྱིངས་ནི་ཚང་ལྟར་བསྒོམས་ཤིང
འོད་ལ་འཇུས་པའི་ལག་པ
ནམ་ཞིག་ཉི་འོད་དང་བསྡེབས

སྦྲ་ནག་ཆུང་ཆུང་ལས་འོད་སྣང་འཕྲོས
ཉི་འོད་ལ་འགྲན་པ་ལྟར
ས་གཞིའི་མཛེས་སྡུག་གི་གྲོགས་སུ་བསྡོདས
སྨུག་པར་འདྲེས་པའི་རི་གླུ་དག
ཁྱོད་ཀྱི་རེ་སྨོན་དང་འདྲེས་ཤིང
ང་ཡི་རྨི་ལམ་གྱི་གཤོག་པར་འཐམས

ལག་མཐིལ་ལས་གསེར་གྱི་ཐིགས་པ་རེ་རེ་བཞིན་འཛར་དུས
མུན་པའི་ཡོལ་བ་དེ་གློ་བུར་ནུབ་རིར་ཡལ་ཞིང
ས་སྲོད་ཀྱི་སྐྲ་ལོ་དག་རླུང་བུས་སྒུལ་ཙམ་སྒུལ་ཙམ
ཁ་དོག་མི་འདྲ་བའི་དབྱར་གཞུང་ཞིག་སྨྱུག་རྩེར་བབས
མེ་ཏོག་གསེར་ཆེན་སྤང་ནས་འབུས་ཡོང་བ་ལྟར
ག་ས་གང་དུ་མིག་དབང་འཕྲོགས་པར་བྱེད
    སྤྱི་ལོ་༢༠༡༢ལོའི་ཟླ༩པའི་ཚེས་༢༩དགོང་མོ་མགྲོན་ཁང་དུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།